རྩོམ་མཁན་ཨུའུ་ཌིན། སྒྱུར་མཁན་ན་བུན།
ང་ལ་ཡིད་དུ་འོང་བའི་ཞལ་ཁྱིམ་ཞིག་ཡོད།
ངས་གྲགས་ཆེ་བའི་སྒེར་གཉེར་སློབ་གླིང་ཞིག་ཀྱང་འགྲིམས་མྱོང་།
ང་ལ་མ་འཛུགས་ཁེ་གཉེར་ཁང་ཆུང་གྲས་ཤིག་བདག་པར་གྱུར།
དེའི་རྗེས་ནས། ངས་དེ་ལྟར་གླེན་རྟགས་སྟོན་དོན་ཅི།
ཁྱེད་ཀྱི་རྒུད་པའི་འཇིག་རྟེན་ནང་བཞིན།
ཁྱེད་ཀྱིས་དེ་ལྟར་བསྒྲུབས་དོན། ཁྱེད་ལ་ཁྱེད་ཀྱི་གནས་ལུགས་ཡོད་ན།
རང་གི་རེ་འདུན་ལྟར་དུ་སྒྲུབ་པར་འཚལ།
དེ་ནི་དོན་དངོས་ཡིན་པས། ཁྱེད་ཀྱི་དངངས་འཚུབ་ལ་མཚར་དོན་ཅི་མཆིས།
དེ་ནས་བཟུང་། ཁྱེད་ལ་རྒུད་པའི་འཇིག་རྟེན་ཞིག་བདོག་པར་གྱུར།
ངས་ཤོག་དངུལ་ཡོད་ཚད་ཡུར་བར་གཡུག་ངེས།
ངས་ཤོག་དངུལ་ཚང་མ་ཆུད་དུ་གཟན་ངེས།
ངས་ཤོག་དངུལ་ཡོད་ཚད་ལས་གཡོག་ཚོས་ལེན་ཐུབ་ས་ཞིག་ཏུ་གཏོར་སྲིད།
དེ་ལྟར་འཕངས་རྗེས། སུ་ལའང་འཁང་ར་ཅི་ཡང་མེད།
ད་ནི། ང་ལའང་རྒུད་པའི་འཇིག་རྟེན་ཞིག་བདག་པར་གྱུར།
ང་ཡི་ཤོག་དངུལ་དེ་དག་ལས་གཡོག་ཚོར་འཐོབ་མི་སྲིད་དེ།
སྔོན་ཆད་ཁྱེད་ཀྱིས་ཤོག་དངུལ་ཚང་མ་གྲོང་མཐར་དོར་བས།
དྲག་ཆས་དམག་དཔུང་གིས་སྐྱེལ་ནས། རྒུད་པའི་འཇིག་རྟེན་སྐྱོབ་ཕྱིར།
ཕ་རོལ་བོ་ཆམ་ལ་ཕབ་སྤྱད་དུ་འཛད།
ང་ལའང་གཡོག་ལས་ཤིག་རེག་སྲིད།
ང་རང་ལས་གཡོག་ཚོ་དང་མཉམ་དུ་འཚོ་ངེས།
སྤྱི་ཁང་ནང་ནས། ང་རང་ཁོང་ཚོ་དང་ལྷན་དུ་རྒྱན་འགུག་གི་རྩེད་འཇོར་རོལ་སྲིད།
ངས་ཁོང་ཅག་གི་སྐྱིད་སྡུག་མཉམ་དུ་འཁུར་ངེས།
ང་ཚོ་རྒུད་པའི་འཇིག་རྟེན་དུ་འདུག་མི་སྲིད།
ཁོང་ཚོས་ཁྱེད་ལ་རང་རང་གི་གསང་རྣམ་བརྗོད་མི་སྲིད།
ཆང་ཁང་ནང་ནས། ཁྱེད་ཀྱིས་ཁོང་ཚོར་ཆང་མགྲོན་ཕངས་མེད་བྱས་ཀྱང་།
ཁྱེད་ཀྱི་ཤོག་དངུལ་གྱི་ཆེད་དུ། ཁོང་ཚོས་ཁྱེད་ལ་རྫུན་གཏམ་ཁོ་ན་སྨྲ།
དེ་ནི། ཁྱེད་རང་རྒུད་པའི་འཇིག་རྟེན་དུ་འཚོ་བ།
ཁོང་ཚོས་རྨང་ནས་རྟོགས་པས་ཡིན་འདུག
ངས་འགྲུལ་སྐྱོད་གཟིངས་ཆེན་ཞིག་གླ་སྲིད།
གཡོར་མོ་བསྒྲེངས་ནས། ངས་རྒྱ་མཚོ་བརྒལ་ངེས།
ང་གླིང་ཕྲན་ཞིག་ཏུ་སྡོད་སྲིད་ལ།
དེ་གར། ཡུལ་མི་ཚོས་ང་ལ་སྡོད་གནས་རིན་མེད་དུ་གཡོར་ངེས།
དེ་ལྟར། ང་རང་རྒུད་པའི་འཇིག་རྟེན་ལས་བྱོལ་སྲིད།
ཡུལ་མི་མང་ཤོས་གྲོངས་ཀྱིན་འདུག
སྔོན་ཆད། ཁོང་ཚོས་ཁྱེད་རང་འདྲ་བའི་ཡུལ་བྱོལ་བ་མཐོང་མྱོང་།
དེ་ཙམ་གྱིས་ཁོ་ཚོ་མི་ཚིམ།
དེ་ནས་བཟུང་། ཁོང་ཚོས་རྒུད་པའི་འཇིག་རྟེན་ལས་བྱོལ་བའི།
ཡུལ་ཤོར་བར་རེ་འདུན་བཅང་མི་སྲིད།
ངས་ཚོན་རྩི་སྣ་ཚོགས་ཀྱིས་རྒྱན་པའི་ཁང་ཆུང་ཞིག་གླས་ནས།
ཐོག་ཁང་དུ། ངས་སྔ་དྲོ་ཧྲིལ་བོར་སྙན་ངག་འབྲི་ལ།
སྙན་དེབ་དེས། རྒུད་པའི་འཇིག་རྟེན་གྱི།
མི་མང་པོར་ཕོག་ཐུག་གཏོང་ངེས།
གཅིག་བྱས་ན། ཁྱེད་རང་རྣམ་དཔྱོད་ཅན་ཞིག་ཡིན་ངེས།
གཅིག་བྱས་ན། ཁྱེད་ཀྱིས་རང་གིས་ནུས་ཚོད་ཀྱིས།
ང་ཚོར་དོན་དངོས་རྫི་གསང་མེད་པར་འཆད་ངེས།
ཡིན་ནའང་། ཆེས་ཡིད་དུ་འོང་བའི་གཏམ་རྒྱུད།
རྒུད་པའི་འཇིག་རྟེན་དང་དེའི་བྱུང་བའོ།།
ངས་ཆོས་དཔོན་གྱི་གསུང་ལ་གཟན་ངེས།
ངས་ཁོང་ལ་རང་ཉིད་ཀྱི་སྡིག་ཉེས་མ་ལུས་ཞུ་སྲིད།
ངས་ཁོང་ཅག་གི་བཀའ་ལན་ལྡོན་སྲིད།
འཇིག་རྟེན་རྒུད་པར་གྱུར་རྗེས། མ་མཐར་ཡང་།
ང་རང་དག་ཞིང་དུ་སླེབས་ངེས།
གཅིག་བྱས་ན། ཁྱེད་རང་མཆོད་ཁྲིའི་མདུན་དུ་ཙོག་ངེས།
གཅིག་བྱས་ན། ཁྱེད་ཀྱིས་པུས་མོ་སར་འཛུགས་སྲིད།
ཡིན་ནའང་། ཁྱེད་རང་སུ་ལའང་ཡིད་ཆེས་ཅི་ཡང་མེད་པས།
ཁོང་ཚོས་ཁྱེད་ལ་ཐར་ལམ་སྟོན་མི་སྲིད་དེ།
ཁོང་ཅག་རྒུད་པའི་འཇིག་རྟེན་རང་ངོ་།
ང་རང་གཞང་ཁང་དུ་འཛུལ་ནས།
ལག་ཏུ་ཆུ་མདའ་ཐོགས་ངེས།
ང་རང་ཕྱི་རོལ་ཏུ་བུད་ནས།
རང་གི་གཞིས་ཀ་དང་བཅས་པ། ཕམ་ཚོང་དུ་སྤྱོད་ངེས།
དེའི་རྗེས་ནས། རྒུད་པའི་འཇིག་རྟེན་ལས།
ངའི་ལུས་སེམས་ལྷོད་ལ་འབབ་སྲིད།
བྲེལ་འཚུབ་ལང་ནས་རྔོ་མི་ཐོག
ལེགས་ལམ་དུ་ཕྱོགས་པས་ཀྱང་མི་ཕན་ཏེ།
ཁྱེད་ནི་ནམ་ཡང་ཁྱེད་རང་ཡིན་པས།
ཇི་ལྟར་གཞོལ་ནའང་ནགས་རྫོབ་ལས་ཐར་མི་སྲིད་ལ།
རྒུད་པའི་འཇིག་རྟེན་ལས་ཀྱང་ཐར་བ་མི་དཔེ།
ཁྱེད་རང་དམག་མི་བགྲེས་པོ་ཞིག་ཡིན་པ་དྲན་པར་གྱིས།
ཁྱེད་ནི་འཁོས་ཞན་སྡར་མ་ཞིག་ཡིན་པའང་དྲན་དུ་ཆུག
ཁྱེད་རང་སུ་ལའང་མི་མཁོ་བའི་ཕུང་པོ་ལྷག་མ་ཞིག་ཡིན་པ་དྲན་ན་འོས།
བཙན་རྫོང་གི་ཕྱི་རོལ་དུ། ཁྱེད་ལ་རྒུད་པའི་འཇིག་རྟེན་ལས་ཅི་ཡང་མེད།
ཁྱེད་ཀྱི་གཅེས་ཕྲུག་གཡུལ་གྱི་དཔའ་བོར་འགྱུར་ངེས།
དྲག་ཆས་ཁུར་ནས། ཁྱེད་ཀྱི་གཅེས་ཕྲུག་གཡུལ་གྱི་དཔའ་བོ་ཆགས་སྲིད།
ཡིན་ནའང་། ཁྱེད་རང་དེ་ལྟ་མི་སྲིད་པས།
རང་གི་རྒུད་པའི་འཇིག་རྟེན་དུ་ལྡོག་རོགས་ཀྱེ།
རྩོམ་མཁན་གྱི་ལོ་རྒྱུས།
No comments:
Post a Comment