ཡིད་གདུང་གི་འདས་མཆོད།
『རྩོམ་མཁན་ཨུའུ་ཌིན། སྒྱུར་མཁན་ན་བུན།』
དུས་ཚོད་འཁོར་ལོ་བསྡད་བྱུང་། ཁ་པར་སྐུད་པ་ཆད་སོང་།
རུས་རྐང་མུར་བའི་ཁྱི་སྐད་འཇགས་ལ།
རྔ་སྒྲ་དང་། རྣོ་སྦྲེང་ཁུ་སིམ་མེར།
དུར་སྒམ་ཕྱིར་ཁུར་ཤོག་ལ། གཤིན་པོར་མྱ་ངན་བྱེད་དུ་ཆུག
མཐོངས་ཡངས་སུ། ལྕགས་བྱས་འཁུན་སྒྲ་འབྱིན་བཞིན་ལྡིང་སྐོར་རྒྱག་ཏུ་ཆུག་ལ།
ནམ་མཁའ་རུ། ཁོང་གཏན་དུ་གྱེས་སོང་བའི་གནས་འཕྲིན་འབྲི་རུ་ཆུག
ཡུལ་བྱ་ཕུག་རོན་གྱི་མགུལ་དུ། སྡུག་བསྔལ་གྱི་གོང་སྒྲོག་ནག་པོ་ཐོགས་ལ།
འགྲིམ་འགྲུལ་ཉེན་རྟོག་པར། མྱ་ངན་གྱི་ལག་ཤུབས་ནག་པོ་སྐོན།
ཁོང་ནི། བདག་གི་ཤར་ལྷོ་ནུབ་བྱང་ཡིན།
བདག་གི་ལས་བྲེལ་གྱི་རེས་གཟའ་དང་། བདག་གི་གཟའ་མཇུག་གི་ངལ་གསོ་ཡིན།
བདག་གི་ཉིན་གུང་ཡིན་ལ། བདག་ནི་ནམ་གུང་ཡིན་ཞིང་། བདག་གི་འཁྱམ་ཉུལ་དང་། བདག་གི་སྐྱོ་གླུ་ཡིན།
བརྩེ་དུང་ནི་བདག་གིས་རྟགས་བརྟན་དུ་རློམས་པ། གདོད་ནས་ནོར་འདུག
ད་ནི། མི་མཁོ་བའི་སྐར་ཕྲན་དག་དོར་ལ།
ཟླ་འོད་བསྡུ་གསོག་བྱོས། ཉི་འོད་གཏོར་ཞིག
རྒྱ་མཚོ་བཤོས་ལ། ནགས་ཚལ་བྲེགས་ཤིག
ད་ནས་བཟུང་། ཡིད་དུ་འོང་བ་འགའ་ཡང་བདོག་པར་མི་སྲིད།
རྩོམ་པ་པོའི་ལོ་རྒྱུས་ཡིག་ཚགས།


No comments:
Post a Comment