སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་རྩོམ་པ་པོ་བྷོར་གྷེ་སི། I གསར།


མེ་ལོང་།


『ལོ་ཙཱ་ན་བུན།


བྱིས་སེམས་ལྷད་མེད་ཡིན་དུས། ངས་རྩིག་ལྡེབས་ཀྱི་མེ་ལོང་ནང་དུ་ལྟ་མི་ཕོད། དེ་ནི་མེ་ལོང་གིས་ང་ལ་རིགས་ཀྱི་ངོ་གདོང་གཞན་ཞིག་བསྟན་ཨེ་ཡོང་ངམ། ཡང་ན་རིགས་ཀྱི་ངོ་གདོང་གཞན་ཞིག་ཏུ་བརྫུས་ཨེ་འགྲོར་སྐྲག་པ་ཡིན།


ངས་ད་དུང་ཐྲག་སྒྲ་མེད་པའི་དུས་ཚོད་ལའང་ཞེ་ནས་འཚེར་ཏེ། དེ་ཡང་ལྐོག་ལྐོག་སུད་སུད་དུ། ཉིན་རྒྱུན་འགྲོ་མིའི་ཚེ་ཐག་ལས་བརྒལ་ཏེ། ཐ་མེ་ཐོམ་མེར། འཁྲུལ་སྣང་གི་ཀློང་ནས། རིགས་ཀྱི་ཤ་མདོག་དང་ངོ་ཚུག་གཞན་ཞིག་ཏུ་འགྱུར་འགྲོ་བར་ཤིན་ཏུ་སྐྲག་པ་ཡིན། 


བྱིས་སེམས་གཉོམ་དུང་ངེར། ད་རེག་བར་དུ། སྐྲག་སྣང་འདི་ངས་སུ་ལའང་གླེང་མ་ཕོད།


ལྡོག་སྟེ། སྡིག་གྲིབ་ཀྱི་དབང་གིས། དེང་འདིར་ང་ཡི་རྣམ་ཤེས་ཀྱི་ངོ་བོའང་གང་ཞིག་ཏུ་སུ་ཞིག་ལ་འཐུམ་ཨེ་འགྲོར་ང་ཧ་ཅང་སྐྲག་ཅིང་། དེ་དུས་ཀྱི་ངོ་གདོང་ལྷ་ཡིས་མཐོང་ལ། མྱི་ཡིས་ཀྱང་མཐོང་སྲིད།


༡༩ / ༡༢ / ༢༠༢༢ ཉིན་ལྡི་ལི་གནམ་ཐང་དུ་བཀླགས་ཐོར་བསྒྱུར།


ལྷོ་ཕྱོགས་ཀྱི་རྒྱུ་སྐར། 


『ལོ་ཙཱ་ན་བུན།

ཁྱོད་ཀྱི་འཁྱམས་འོག་ནས། གདོད་མའི་རྒྱུ་སྐར་ལ་བལྟས་ན།

གྲིབ་འཁྱག་གི་ཡལ་ག་ལས། ཉི་འོད་ཀྱི་ཆག་གྲུམ་ལ་བལྟས་ན།

བདག་གི་རྨོངས་པས། རྒྱུ་སྐར་གྱི་མིང་བརྡ་མ་རྟོགས་ལ།

དེ་ཡི་གནས་མལ་ཡང་གདོད་ནས་བརྙེད་མ་བྱུང་།


བུམ་ཆུ་ལས་ཤག་སྒྲ་མཆེད་དུས།

མ་ལི་ཀ འཁྲི་ཤིང་མེ་ཏོག་གི་དྲི་ངད་ཚོར་འོངས།


གཉིད་དུ་ཡན་པའི་བྱ་ཁྱུ། ལྷིང་འཇགས་རེད།


སྒྱུ་རྩལ་གྱི་སྒོ་གླགས། སྨུག་ཟིལ་གྱི་བཞའ་བརླན།

འདི་དག སྙན་ངག་གི་སྙིང་པོ་ཡིན་ངེས།


༢༠//༢༠༢༣ ཉིན་<མིང་མེད་>ཇ་ཁང་དུ་བསྒྱུར།

རྩོམ་མཁན་གྱི་ལོ་རྒྱུས། 



No comments:

Post a Comment

Adbox