『རྩོམ་མཁན་ཕུལ་སི་ལན། སྒྱུར་མཁན་ན་བུན།』
ཁ་བ་འབབ་ཀྱིན་འདུག ཡུམ་ཆེན། ཡུ་ཁུ་རན་ལ་ཁ་བ་འབབ་ཀྱིན་འདུག
དཔུང་དང་གཉེན་གྱི་དབུ་རྒྱན། སོན་འབྲུ་སྟོང་གི་མྱ་ངན་རེད།
འདི་གར་བདག་གི་མིག་ཆུ་ཡོད་ཚད། ཁྱེད་ཀྱི་ཕམ་ཁར་འཕྱོ་ཞིང་།
ཁྱེད་ཀྱི་ང་རྒྱལ་གྱི་ཕྱིར་མིག་གཅིག་པུ། ད་གཟོད་བདག་གི་སྐྱོ་གདུང་གི་གསོན་ཤུགས་ཡིན།
ད་ལྟ་ང་ཚོ་འཆི་ཡི་འདུག ཁྱེད་དང་ཁྱེད་ཀྱི་སྤྱིལ་བུ། ཅིའི་ཕྱིར་མི་གཟིམ་པ་ཡིན་ནམ།
འཇིགས་སྐྲག་གི་གས་ཧྲལ་ནས། བུ་ཡུག་འཁྱག་ཤུར་གྱིས་འཚུབ་ཅིང་།
འདི་ནི། འཁོར་ཤུལ་གྱི་ཞུན་སྙིགས་ཁྲོད་ཕྱིད་དེ། ཁོག་སྙིང་རྒྱལ་དར་དུ་གྱུར་ཅིང་།
ཕྱག་ཟུང་སྒྲོན་སྟེགས་སུ་གྲུབ་པ། དེ་དག་གི་གཅིག་ཡིན་ནམ།
བདག་ཀྱང་སྐྱབས་མེད་མགོན་མེད་གྱི་མུན་ཁྲོད་དུ་བསྡད་ཡོད།
ཉིན་མ་འདི་དག་གི་རྨས་རྨ་ག་ལེར་དྲག་སྲིད་དམ། ཁོང་ཚོར་གདུག་རྩུབ་ཀྱི་རྨ་ཁ་ཕོག་སྲིད་དམ།
བདག་གི་སྐར་ཚོགས་ཐོར་ནས། ད་ལྟ།
པི་ཝང་གི་རྒྱུད་སྐུད་ལས་འཁུན་སྒྲ་མཆེད་ཀྱི་འདུག
སྐབས་དང་སྐབས་སུ། རོལ་དབྱངས་གློ་བུར་གྲགས་ཀྱང་།
སླར་ཡང་ཚོར་མེད་དུ་འཇགས་འགྲོ། གཏན་དུ།
རྨ་ཁྲག ཡང་ན་རྟོགས་སད། ཡུམ་ཆེན། ཅི་ཞིག་འབྱུང་སྲིད་དམ།
གལ་ཏེ་བདག་ཀྱང་། ཡུ་ཁུ་རན་གྱི་ཁ་བར་ཐིམ་རྗེས།
འབྲེལ་ཐག་འདི་ནས་ཉི་ཡིག་ནང་ཀློག་ཐུབ།
རྩོམ་པ་པོའི་ལོ་རྒྱུས་འདིར་ཡོད།
No comments:
Post a Comment