ཡུལ་ལ་ལོག {回家 }
གླུ་བ་ཚེ་དབང་ནོར་བུ།
ཕྱི་ལོ་༢༠༢༢ ཟླ་༢ ཚེས་༢༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་པོ་ཏ་ལའི་མདུན་ཐང་དུ་གསར་སྐྱེས་གླུ་བ་ཚེ་དབང་ནོར་བུས་རང་སྲེག་ཞི་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་ཅིང་། ཟླ་ཚེས་ནམ་ཞིག་ལ་སྨན་ཁང་གང་ཞིག་ཏུ་གྲོངས་མིན་ད་སྔར་གསལ་ཁ་མེད་པ་རེད།
གསར་སྐྱེས་གླུ་བ་ཚེ་དབང་ནོར་བུ་ནི་ཕ་ཡུལ་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ནས་ཡིན་པ་དང་། ཕྱི་ལོ་༡༩༩༦ ལོར་ཕ་ཆོས་རྒན་དང་མ་༼གླུ་མ་གྲགས་ཅན་༽སོག་ཤོད་བསོད་ནམས་དབང་མོ་གཉིས་ཀྱི་བུར་སྐྱེས་ཤིང་། བཙོན་འོག་གི་བོད་ཀྱི་ཆབ་སྲིད་བཙོན་པ་སོག་མཁར་བློ་གྲོས་རྒྱལ་མཚོའི་ཚ་བོ་ཡིན་འདུག
ཁོང་གི་པོད་ཕྲན་(Weibo)གྱི་གནས་ཚུལ་ལྟར་ན། དེ་སྔ་ཁོང་<བོད་ལྗོངས་སློབ་གྲྭ་ཆེན་མོ་>ནས་སློབ་མཐར་ཕྱིན་པ་དང་། ཕྱི་ལོ་༢༠༡༤ ལོར་རྒྱ་ནག་གི་གྲོང་ཁྱེར་<ཀོང་ཏུང་སྲུང་སྐར་བརྙན་འཕྲིན་>(Guangdong Satellite TV)ལས་རིམ་ནང་<རྒྱ་ནག་གི་བུ་ཡག་པོ་>(Good Boys in China)ཟེར་བའི་འགྲན་སྡུར་ལ་ཞུགས་ནས། ལེ་ཚན་དེའི་ནུབ་བརྒྱུད་སྡེ་ཚན་ནང་རྩེ་ཕུད་སྒྱུ་རྩལ་པ་༡༢ གྱི་གྲས་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་རྩེ་ཕུད་སྒྱུ་རྩལ་པ་༤༨ ཀྱི་གྲས་སུ་བདམས་ཐོན་བྱུང་འདུག
སྐབས་དེར་ཁོང་གིས་བོད་སྐད་དང་དབྱིན་སྐད་ནང་གླུ་གཞས་གཏོང་སྐབས། རྒྱ་གཞུང་གི་དཔྱད་འདེམས་པས་ཁོང་ལ་མི་དགའ་བའི་རྣམ་འགྱུར་བསྟན་པར་མ་ཟད། རང་མིང་བོད་ཡིག་གིས་བྲིས་མི་ཆོག་པར་བཤད་ཀྱང་། ཁོང་གིས་བསམ་སྦྱོར་དེ་ལ་གདོང་ལེན་མཐའ་གཅིག་ཏུ་གནང་བའི་གནས་ཚུལ་ཐོན། དེར་མ་ཟད། ཕྱི་ལོ་༢༠༡༧ ལོར་རྒྱ་ནག་རྒྱལ་ཡོངས་སུ་རོལ་དབྱངས་ཀྱི་རྣམ་དཔྱོད་འགྲན་བསྡུར་<སང་ཉིན་གྱི་བུ་>(The Son of Tomorrow)ཞེས་པའི་ནང་མཉམ་ཞུགས་ཀྱིས་སྒྱུ་རྩལ་རྩེ་ཕུད་༩ ཡི་གྲས་སུ་ཚུགས་འདུག
གླུ་བ་ཚེ་དབང་ནོར་བུས་དེང་དུས་གླུ་གཞས་<<རྩམ་པ་>>དང་<<གཟབ་མཆོར།>> <<བྱང་ཐང་ལ་བལྟ་བའི་མིག་>>དང་<<ཡུལ་ལ་ལོག་>>སོགས་བླངས་ནས། རྒྱ་ནག་ནང་སྐད་གྲགས་ཆེན་པོ་ཡོད་པ་དང་། ཁོང་གི་པོད་ཕྲན་ནང་རྗེས་མཇུག་ལྟད་མོ་བ་མི་གྲངས་ལྔ་འབུམ་དགུ་ཁྲི་ལྷག་ཟིན་འདུག
འདས་པའི་ཉིན་མ་ཁ་ཤས་རིང་བོད་ནང་གི་སྤྱི་ཚོགས་བརྒྱུད་ལམ་ཕོད་ཕྲན་དང་(Weibo)དང་འཁྱུག་དབྱིངས་(Daoying)ནང་འདས་པོ་ཁོང་ལ་མྱ་ངན་གུས་འདུལ་ཞུ་མཁན་མང་པོ་བྱུང་བ་དང་། ལྷག་པར་དུ་འདུས་པོ་ཁང་གིས་རང་སྲེག་ཞི་རྒོལ་གནང་རྗེས། རྒྱ་གཞུང་གིས་འདས་པོ་ཁོང་གི་གླུ་གཞས་དང་ཟིན་བྲིས་ཁག་ལ་གསན་གཟིགས་མི་ཐུབ་པ་བཟོས་པའི་གནས་ཚུལ་ཡང་ཐོན་འདུག

No comments:
Post a Comment