ནེ་ཁོ་ལེ་གྷོ་གྷལ།(Nikolai Gogol )དུས་རབས་བཅུ་དགུ་བའི་ཡུ་ཁུ་རན་(Ukraine )གྱི་རྩོམ་པ་པོ། འཐུས་ཚབ་བརྩམས་ཆོས་<<རྣམ་ཤེས་ཤི་བོ་(>>Dead Souls)སོགས་འདུག
གྷོ་གྷལ།
『རྩོམ་མཁན་ཊི་རན་སི་ཊོ་མེར། སྒྱུར་མཁན་ན་བུན།』
སྟོད་གོས། སྤྱང་ཚོགས་ནང་བཞིན་ཤ་ཁྲག་ལ་རྔམ་ཞིང་།
ངོ་གདོང་། རྡོ་ཀ་མ་རུ་ལྷེབ་མ་ཞིག་དང་འདྲ་བར།
འཕྲིན་ཡིག་གི་དཀྱིལ་འཁོར་དུ་གཤོམ་ལ། སྐྱེད་ཚལ་གྱི་འཕྱ་དམོད་དང་ནོར་འཁྲུལ་ཤབ་ཤུབ་སྨྲ།
རེད་ཡ། ནང་སེམས་ཤོག་ཧྲལ་ནང་བཞིན། མི་མེད་ལུང་སྟོང་བརྒལ་ནས་རླུང་གིས་སྐྱོད།
སྐབས་འདིར། ཉི་ནུབ་ཉིད་ཝ་མོ་ཞིག་ཁ་རོག་གེར་གནས་འདིར་འཇབ་འོངས་པ་དང་འདྲ་ཞིང་།
སྐད་ཅིག་མར། རྩྭ་ལོ་མེ་རུ་འབར།
སྟོང་ཁམས་ཀྱི་འཇིག་རྟེན་ཁྲག་རྭ་དང་རྨིག་པས་ཁེངས་ལ། སྟེང་ཕྱོགས་སུ། ཤིང་རྟ་ཞིག་ཡབ་ཆེན་གྱི་གཞིས་ཀའི་དཀར་གསལ་དང་གྲིབ་ནག་འདྲེས་མཚམས་བརྒལ་ནས་ཆས་སོང་།
ཕེ་ཊིར་བྷ་རྒི་གྲོང་ཁྱེར། སྟོངས་པར་འཕུད་པའི་ལྷོ་བྱང་གི་འཕྲེད་ཐིག་ན་གདའོ།། (ཁྱེད་རང་མཁར་རྫོང་གསེག་མའི་ནང་ནོམ་གྱི་མཛེས་པར་རོལ་མྱོང་ངམ།)
ཟླ་གམ་གྱོན་པའི་འཁྱམ་པོ། འཁྱགས་ཀློང་གི་གནས་མལ་དུ་དཔྱང་པའི་གདུགས་ཉ་ཞིག་དང་འདྲ་བར་དེ་གར་གདའ།
འདི་གར་བསྙེན་གནས་སུ་ཞུགས་ཏེ། འཁྱམ་པོ་དེ་ཐེངས་ཤིག་དགོད་སྒྲ་ལྷང་ལྷང་དཔུང་གཉེན་གྱིས་མཐའ་ནས་བསྐོར་མྱོང་། ཡིན་ནའང་། སྐབས་དེ་ནས་བཟུང་། དཔང་གི་ཚོགས་སྟེང་ཕྱོགས་ཀྱི་ནགས་ཀློང་བརྒལ་ནས་རྒྱང་རིང་གི་གནས་སུ་བཞུད་ཟིན།
མིས་བསྒུལ་ཞིང་འཁྱོམ་པའི་མདུན་ཅོག
ལྟོས་དང་། མུན་པས་དགུ་ཚིག་གི་བླ་སྲོག་མེ་རུ་སྦར་བ་མཐོང་ཡོང་།
དེ་བས། ཁྱེད་རང་མེ་དབལ་གྱི་ཤིང་རྟར་འཆིབ་ནས། མེས་རྒྱལ་དང་ཞལ་འགྱེས་ཤིག་ཀྱེ།
དྲག་ཆར།
འདི་གར། ལམ་འགྲོ་བ་གློ་བུར་འགྱིག་སྡོང་ཆེན་པོ་ཞིག་ཏུ་ཕྲད་ལ། དེ་ནི་རྡོ་འགྱུར་གྱི་ཤ་རྒོད་ཅིག་དང་འདྲ་བར། དེ་ཡི་དབུ་རྒྱུན། ལྗང་མདོག་གི་ནགས་ཀླུང་དང་། ཟླ་དགུ་བའི་མཐིང་མདོག་གི་རྒྱ་མཚོའི་མདུན་དུ་ཡངས་པར་བརྐྱངས་འདུག
བྱང་ཕྱོགས་ཀྱི་དྲག་ཆར། དེ་ནི། ལི་ཤིང་གི་སིལ་ཏོག་སྨིན་པའི་དུས་ཚིགས་ཤིག མུན་ཁྲོད་ཀྱི་རྟོག་སད། གསོན་དང་། འགྱིག་ཤིང་གི་བར་སྣང་དུ་བཀྲ་བའི་སྐར་ཚོམ། རང་གི་གནས་མལ་དུ་ལམ་ལམ་འཚེར།


No comments:
Post a Comment