དགུན་ཁ་དྲུག I གསར།

དགུན་ཁ་དྲུག 

 

རྩོམ་མཁན་ཊི་རན་སི་ཊོ་མེར། སྒྱུར་མཁན་ན་བུན།

 

མུན་ནག་གི་མགྲོན་ཁང་དུ། བྱིས་པ་ཞིག་གཉིད་ཁུག་འདུག

ཕྱི་རོལ་ཏུ་དགུན་གྱི་མཚན་མོ། དེ་གར། 

མིག་བགྲད་པའི་འགྱིག་རྡེའུ་ནང་བཞིན་རིལ་གྱིན་འདུག 

 

ཞིང་དུ་གཤེགས་པའི་རྟོག་གེ་པ་ཁྱུ་ཞིག 

ཡེ་ཤུ་ལྷ་ཁང་གི་དུར་ཁྲོད་ན། ལོ་རྒྱུས་ཀྱི་འགྱུར་རྡོར་གྱུར་ཅིང་།

དེ་གར། སི་ཝལ་བྷར་ཌི་ཡི་ཁྲབ་མོག་རླུང་གིས་སྐྱོམ་གྱིན་འདུག 

 

དམག་འཁྲུག་གི་དགུན་ཁ་ཞིག་ལ།

ང་བསྙུངས་ནས་མལ་སར་ལྷུང་དུས། 

སྒེའུ་ཁུང་ཕྱིར་རོལ་ཏུ། ཆབ་རོམ་ཆགས་ནས་དཔྱངས་སོང་།

ཁྱིམ་མཚེས། ཉ་ཚེབ། ཕྱིར་དྲན། འགྲེལ་ཐབས་མི་འདུག 

 

ཆབ་རོམ། མདའ་གཡབ་ན་ཐུར་དུ་དཔྱངས་འདུག

 

ཆབ་རོམ་ལས། གྷ་ཐེ་ཁི་ལུགས་ཀྱི་སྒྱུ་རྩལ་མགོ་མཇུག་ལོག་སོང་།  

ལྐོག་གྱུར་གྱི་སྒོ་ཕྱུགས་ལས། ཆུ་ཤེལ་གྱི་འོ་མ་འཇོ།

 

ལམ་འགྲམ་གྱི་ལྕགས་ལམ། 

འགྲུལ་བས་སྟོངས་པའི་འཁོར་སྒམ།

ཁུ་སིམ་མེར། ཁྲབ་ཆས་ནང་བཞིན།

རྒྱང་བཞུད། མཆེ་སྡེར་འོག་ཏུ་བཙུད། 

 

དོ་ནུབ་ཀྱི་ཁངས་སྨུག་འཐིབས་འདུག 

 

ཟླ་འོད། ཉ་མོ་ལྡེ་གུ་ནང་བཞིན།

ང་ཚོའི་མདུན་ཕྱོགས་ན་འཕྱོ།

 

འུ་ཅག་གི་འཛུམ་མདངས། ཡུལ་ལ་ལོག་པའི་ལམ་དུ་འཕྲོ།

བགྲོད་ལམ། ཡི་གར་འོངས། 



ཟུར་མཆན།

) སི་ཝལ་བྷར་ཌི་(Svalbard)ནི་ནོར་ཝེ་རྒྱལ་ཁབ་ཀྱི་གླིང་ཕྲན་ཞིག 

) འདིར་གྷ་ཐེ་ཁི་(Gothic)ནི་གནའ་བོའི་ནུབ་གླིང་གི་བཟོ་རིག་སྒྱུ་རྩལ་བྱེ་བྲག་ཅིག་ཏུ་གོ།



No comments:

Post a Comment

Adbox