རི་དཀར་པོ་བརླ་དཀར་པོ། བུད་མེད་ཀྱི་ཕུང་པོ། I གསར།

རྩོམ་མཁན་ནེ་རུ་ཌ། སྒྱུར་མཁན་ན་བུན།


རི་དཀར་པོ་བརླ་དཀར་པོ། བུད་མེད་ཀྱི་ཕུང་པོ། 


བུད་མེད་ཀྱི་ཕུང་པོ། རི་དཀར་པོ་བརླ་དཀར་པོ། 

ཆགས་སྲེད་ཀྱི་དབང་གིས། ཁྱོད་ས་ཆེན་ལྟར་འབྱམས་ཀླས་པར་གན་རྐྱལ་དུ་སྒྱེལ་ལ། 

བདག་གི་རྩུབ་རེག་གི་ཕུང་པོས། ཁྱོད་ཀྱི་གསང་གནས་འབྲུད་ཅིང་། 

ས་ཆེན་གྱི་མངལ་ནས་རིགས་ཀྱི་བུ་བཙའ་འོ།།


འདབ་ཆགས་འཕུར་སོང་། ཡུར་བུ་ནང་བཞིན་བདག་ཁེར་རྐྱང་དུ་ལུས་སོང་།


མཚན་སྨག་གི་དཔུང་སྟོབས་བཙན་པོས། བདག་ལ་འཇབ་རྒོལ་བྱེད་དུས། 

སྲོག་མགོ་འཐོན་ཆེད་དུ། བདག་གིས་ཁྱོད་རང་འུར་རྡོ་ཞིག་གམ།

གཞུ་རྒྱུད་ཀྱི་མདའ་མོ་ལྟར། གོ་མཚོན་གྱི་ཚུལ་དུ་བཙོ་སྦྱང་ཡང་བྱའོ།།


དེ་ལྟ་ནའང་། ད་ནི་ཤ་འཁོན་གྱི་དུས་ཚིགས་ཡོལ་སོང་།

སྙིང་ཉེ། ང་ཁྱོད་ལ་དགའ་འོ།། 


སྐྱི་ཤུན་གྱི་ཕུང་པོ། ཁུ་དྲེག་གི་ཕུང་པོ། 

ཡང་ན་སྲ་མཁྲེག་གི་ཕུང་པོ། སྐོམ་གདུང་གི་འོ་ཆུ་མཆོད་ཅིག 


ཁྱོད་ཀྱི་མྱོས་བུམ་ལས་འོ་ཆུ་ཁྱོར་ཁྱོར་འཛར་ཞིང་། ཁྱོད་ཀྱི་མིག་ཟུང་དུ་གྱེས་བྲལ་ཁོ་ན་ལྟེམས། 


ཁྱེད་ཀྱི་བྲང་གཞུང་དམར་ཧྲང་ངེར་གྱེན་དུ་གཟེངས་ཏེ། 

ཁྱོད་ཀྱི་འཁུན་སྒྲ་ག་ལེར་མཆེད་ཅིང་། སྐྱོ་ལྷང་ངེར་འཇགས་འགྲོ། 


ཀྱེ། བདག་གི་བུད་མེད། བུད་མེད་ཀྱི་ཕུང་པོ་ཨང་། 

ཁྱོད་ཀྱི་ངོ་མཚར་ལོངས་སྤྱོད་ལས་བདག་འཚོ་བར་བྱའོ།། 


བདག་གི་སྐོམ་གདུང་། བདག་གི་སྲེད་པར་ཟད་པ་མེད་དོ།། 


མུན་ནག་གི་གཙང་པོའི་འཇིངས་སུ། འཛད་པ་མེད་པར།

བདག་གི་སྐོམ་གདུང་ཤང་ཤང་རྒྱུའོ།། 


ངལ་དུབ་ཀྱང་རྫོགས་མེད་དུ་རྒྱུའོ།། དེ་གར། 

མྱ་ངན་གྱི་ཆུ་ངོགས་ཀྱང་བྲལ་བར་གདའ་འོ།།

རྩོམ་པ་པོ།】


ཕ་བྷི་ལོ་ནེ་རུ་ཌ་(Pablo Neruda 1904-1973)ནི་ཆི་ལི་རྒྱལ་ཁབ་ཀྱི་མི་ཡིན། སྔ་རྗེས་སུ་ཁོང་གིས་དུང་བརྗོད་སྙན་ངག་དང་སྐྱོ་གཞས། སྲིད་དོན། ལོ་རྒྱུས། སྙན་ངག་རྐང་བཅུ་བཞི་མ་སོགས་པོད་ཉི་ཤུ་ལྷག་གསར་རྩོམ་གནང་། དེང་རབས་སྨྲ་བའི་རྩོམ་རིག་(literary modernity)གསར་རྩོམ་གྱི་ཐད་ནས། ཧྥ་རན་སིའི་སྙན་ངག་པ་གྲགས་ཅན་བྷུ་ཌི་ལེར་(Baudelaire)དང་མཚུངས་བསྡུར་གྱིས། ནུབ་གླིང་དུ་ཁོང་ལ་དུས་རབས་ཉི་ཤུ་ནང་ལཱ་ཊེན་ཨ་རི་བའི་(Latin American) རླབས་ཆེ་བའི་དུང་བརྗོད་སྙན་ངག་གི་མཁན་པོ་ཞེས་འབོད། མ་ཟད་ཁོང་གི་དུང་བརྗོད་སྙན་ངག་གིས་ཡུ་རོབ་གླིང་གི་ལས་དབང་དང་ཕུགས་བསམ་ལ་གསོན་ཤུགས་བསྩལ་མྱོང་བའི་གདེང་འཇོག་མཛད་དེ། སྤྱི་ལོ་༡༩༧༡ ལོར་ནོ་བྷིལ་རྩོམ་རིག་གཟེངས་རྟགས་གནང་། 

སྤྱི་ལོ་༡༩༤༥ ལོ་ནས་བཟུང་དམར་ཤོགས་རིང་ལུགས་ཀྱི་གསར་བརྗེའི་དབུ་ཁྲིད་དང་ཕྱི་འབྲེལ་སྐུ་ཚབ། དམར་ཤོགས་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་བཅས་སུ་བདམས་མྱོང་། 

བརྩམས་ཆོས་གཙོ་བོར་བརྗོད་སྙན་ངག་ཉི་ཤུ་དང་རེ་ཆད་མི་ཡུག་གི་གླུ།>>(Twenty Love Poems and a Song of Despair) <<འཛམ་གླིང་གི་མཐའ།>>(World’s End) <<ཉིན་མོའི་ལག་ཟུང་།>>(The Hands of the Day) <<སྙིང་སེར་པོ།>>(The Yellow Heart) <<རྒྱ་མཚོ་དང་གཡེར་དྲིལ།>>(The Sea and the Bells) <<དགུན་གྱི་སྐྱེད་ཚལ།>>(Winter Garden) <<དུངས་ <<མི་ཡུལ་གྱི་གནས་མལ་དང་སྙན་ངག་གཞན་དག>>( Residence on Earth, and Other Poems) <<ད་དུང་ཉིན་མོ་གཞན་ཞིག>>(Still Another Day) <<སྔོ་བསངས་མཚོ་འགྲམ་གྱི་ལྷིང་འཇགས།>>(On the Blue Shore of Silence) <<དུང་བརྗོད་སྙན་ངག>>(Poems of Love) <<ནེ་རུ་ཌའི་སྙིང་བཅུད་དེ། སྙན་ངག་གཅེས་བཏུས་>>(The Essential Neruda: Selected Poems)སོགས་བཞུགས།


No comments:

Post a Comment

Adbox