སྙན་ངག་གི་ལྷ་མོ། | གསར།

སྙན་ངག་གི་ལྷ་མོ།


རྩོམ་མཁན་ཨག་ཥི་མ་ཌོ་ཝ། སྒྱུར་མཁན་ན་བུན།


ས་རུབ་ནས་ཡོང་དུས། བདག་གིས་སྙན་ངག་གི་ལྷ་མོར་ངང་སྒུག་བྱེད་ཅིང་། 

བདག་གི་མི་ཚེ། རྒྱུད་སྐུད་སྟེང་དུ་འདར་ཞིང་འཕྱང་ནས་འདུག་སྙམ།

རང་དབང་ཅི་རེད། འཕྲེད་གླིང་གི་འཇམ་མཉེན་ལྡན་པའི་འགྱུར་ཁུག་དང་སྡེབ་ན། 

སུ་ཡི་ལང་ཚོ་ཡིན། ཡང་ན། སུ་ཡི་རྔམ་ཟིལ་ཡིན།


སྙན་ངག་གི་ལྷ་མོ། ཁྱིམ་ལ་འབྱོན་བྱུང་། བེར་གོས་ཀྱི་ཕྱེད་ཙམ་བཤུས་ནས།

ཟོལ་མེད་ཀྱི་བག་ཟོན་ལས། བདག་རྒུད་པར་བསྒྱུར་ཅིང་། 

བདག་གིས་ཁོ་མོར།ཁྱེད་ཀྱིས། ཌན་ཊི་ཡི་དམྱལ་ཁམས་ཆབ་ཤོག་སྒྲོག་གམ་ཅི།དྲིས་པས། 

ཁོ་མོས་བདག་ལ།ངས་བསྒྲགས་ཟིན།གསུང་བྱུང་། 


*སྙན་ངག་པ་ཌན་ཊི་(Dante)ནི་དུས་རབས་བར་མར་(medieval)བྱོན་པའི་ཨེ་ཊ་ལེ་མི་རིགས་(Italian)ཀྱི་མི་ཚུལ་རིང་ལུགས་སྔོན་སྐྱོད་པའི་གྲས་སུ་བཞེད་ཅིང་། འཐུས་ཚབ་བརྩམས་ཆོས་<<ལྷ་ཆེན་དགྱེས་པའི་གར་>>(The Divine Comedy)སོགས་འདུག



No comments:

Post a Comment

Adbox