| དཔལ་མོས་བྲིས། བསྟན་འཛིན་ཆོས་གྲགས་ཀྱིས་བསྒྱུར།
སྒྲུང་གཏམ་ <<བོད་རྗེའི་ཐོག་མ་གོ་ལ་གཞན་གྱི་མི་ཡིན་ནམ་>> ཞེས་པ་ལས་ “ཡུ་རོབ་གླིང་དུ་ལོ་གཅིག་སྡོད་རྒྱུའི་གོ་སྐབས་བྱུང་བ་དང་། དེའི་རིང་ལ་མཐོང་ཐོས་ཆེས་མང་ཞིང་། དེ་དག་ལས་ཡ་མཚན་པའི་ ‘སྒྲུང་གཏམ་’ ཞིག་ཡོད་པ་སྟེ། དེ་ནི་དེ་སྔ་བོད་དུ་ཕེབས་ནས་བོད་རྗེའི་ཐོག་མ་གནང་མྱོང་བའི་གོ་ལ་གཞན་གྱི་མི་དེ་དེང་སང་ལ་ཐུའོ་ཝེ་ཡ་ (拉脱维亚) ཞེས་པའི་རྒྱལ་ཁབ་ཀྱི་རི་གྲོང་ཞིག་ཏུ་ཡང་ཡང་ཕེབས་ཀྱི་ཡོད་ཟེར་བ་དེ་རེད།
‘སྒྲུང་གཏམ་’ དེ་ཤོད་མཁན་ནི་རི་ཉི་ཡ་ཟེར་བའི་ལ་ཐུའོ་ཝེ་ཡའི་མི་ཞིག་རེད། ཁོང་ལོ་ན་ལྔ་བཅུར་ཉེ་ཞིང་། བློ་དཀར་དྲང་བདེན་ཞིག་ཡིན་པ་དང་། ཐའེ་ཅིའི་རྩ་རླུང་མཐུན་ཚོགས་ཀྱི་ཚོགས་མི་རེད།
ངས་དེ་སྔ་རི་ཉི་ཡ་དང་ཐུག་འཕྲད་བྱེད་མྱོང་བར་མ་ཟད། ཁོང་ཚོ་ཚོ་དང་ཚོ་བྱས་ནས་ནགས་གསེབ་ཏུ་དམར་ཧྲེང་ངང་སྨོན་ལམ་འདེབས་པའི་པར་ཡང་རྒྱག་མྱོང་། རི་ཉི་ཡས་ངོ་སྤྲོད་བྱས་པ་བརྒྱུད་ནས། ངས་ད་དུང་ཁོ་ཚོའི་ཁྲོད་ཀྱི་མི་འགའ་ཤས་དང་གླེང་མོལ་བྱས་པ་ཡིན།
ཁོང་ཚོས་ང་བོད་ནས་ཡོང་བ་ཤེས་སྐབས་ཚང་མས་དགའ་བོ་བྱེད་ཀྱི་འདུག ཁོང་ཚོས་ ‘ང་ཚོའི་རྒྱལ་པོ་ནམ་མཁའི་དབྱིངས་སུ་བཞུགས་ཡོད། དེའི་ཁྲོད་ནས་རྒྱལ་སྲས་ཅིག་གིས་ད་དུང་བོད་དུ་ཕེབས་ཏེ་བོད་ཀྱི་རྒྱལ་པོའི་ཐོག་མ་དེ་གནང་མྱོང་བ་རེད་’ཟེར།
ངས་དགོད་བཞིན་དུ་ ‘གཞི་འཛིན་ས་གང་དུ་ཡོད་དམ་’ དྲིས་པར། ཁོང་ཚོ་ན་རེ། ཁོང་གིས་བོད་མིའི་དབྱིབས་རིས་འགའ་ཞིག་བསྣམས་ཕེབས་ཡོད་ཟེར་བ་མ་ཟད། ད་དུང་སྨད་གཡོགས་དང་། གུ་ཐུང་། སྐ་རགས། རྐང་ཤུབས། ལག་ཤུབས་སོགས། དངོས་པོ་འགའ་ཞིག་འཁྱེར་ཡོང་ཁར། དེ་ཚོའི་སྟེང་གི་རི་མོ་འགར་མཛུབ་མོ་བཙུགས་ཏེ་‘འདི་ཚོ་བོད་ནས་འཁྱེར་ཡོང་བ་རེད་’ ཟེར།
ངས་ཡང་བསྐྱར་ “བོད་རྒྱལ་དེ་ད་ལྟ་གང་དུ་བཞུགས་ཡོད་” དྲིས་པར། ཁོང་ཚོས་ ‘གོ་ལ་གཞན་ཞིག་ཏུ་བཞུགས་ཡོད། ཁོང་གིས་རྒྱུན་དུ་འདི་གར་ང་ཚོར་གཟིགས་པར་ཕེབས་ཀྱི་ཡོད། ༡༩༩༠ ལོ་དང་༡༩༩༡ ལོའི་ཟླ་བ་༨ པའི་ནང་འདིར་ཕེབས་པ་དང་། ད་ལོའི་ཟླ་༣ པ་དང་༥ བའི་ནང་དུ་ཡང་ཕེབས་སོང་། ཕལ་ཆེར་ཟླ་༨ པའི་ནང་དུའང་འདི་གར་ཕེབས་ཤོས་ཆེ། ཁྱེད་རང་ཐུགས་ཡིད་མི་ཆེས་ན་འདིར་ཁོང་བསྒུག་ནས་བཞུགས་ན་འགྲིག་’ ཟེར།
ངས་སླར་ཡང་ ‘བོད་རྒྱལ་དེ་གང་འདྲ་ཞིག་འདུག་’ དྲིས་པར། ཁོང་ཚོས་ཧ་ལམ་ཁ་གཅིག་གྲགས་ལྟར་ ‘ཤ་མདོག་ལྗང་ཤས་ཆེ་ལ་མིག་ལྕིབས་སྣ་རུས་བར་ཁེབས་པ་དང་། མཛུབ་མོའི་བར་སྐྱི་པགས་སྲབ་མོས་འབྲེལ་བ་ཞིག་འདུག ཁོང་དང་མི་གཞན་འགའ་ཤས་མཉམ་དུ་གནམ་གྲུ་ཞིག་ལ་བསྡད་ནས་འདི་གར་ཕེབས་སོང་། གནམ་གྲུ་དེ་ནི་ཟུར་གསུམ་མ་ཞིག་ཡིན་ཞིང་། མཐོ་ཚད་ཐོག་བརྩེགས་ཁང་ཆེན་ཙམ་ཞིག་འདུག་’ ཟེར།
ངས་ཁོང་ཚོར་ ‘འདྲ་པར་ཡོད་དམ་’ འདྲི་སྐབས། ཁོང་ཚོས་ ‘མེད། ཐེངས་གཅིག་ལ་ང་ཚོས་པར་རྒྱག་སྐབས་ཁོང་ཚོ་ཡལ་སོང་། ད་དུང་ཁོང་ཚོས་གུས་ཞབས་ཆེན་པོའི་ངང་གླེང་མོལ་གནང་གི་འདུག་ཀྱང་བློ་ཕམ་པ་ཞིག་ལ་ང་ཚོས་གོ་བརྡ་འཕྲོད་མ་བྱུང་། ད་ལོ་ཟླ་བ་༥ བའི་མཚན་མོར་ང་ཚོའི་གྲོང་མི་ཡོངས་རྗོགས་ཀྱིས་ཁོང་ཚོ་མཇལ་བྱུང་། དེ་ཁྱེད་རང་ལ་མགོ་སྐོར་བཏང་བ་མིན། ཁྱེད་རང་འདིར་ཁོང་ལ་བསྒུགས་ན་འགྲིག གཅིག་བྱས་ན་ཁྱེད་རང་གིས་ཁོང་ཚོའི་སྐད་ཆའི་གོ་བརྡ་འཕྲོད་ཤས་ཆེ་’ ཟེར།
བོད་རྒྱལ་ཐོག་མ་མཇལ་མྱོང་ཟེར་མཁན་གྱི་མི་དེ་ཚོས་བཤད་པའི་ ‘སྒྲུང་གཏམ་’ ལ་བསྐྱར་དུ་མནོ་བསམ་ཞིག་གཏོང་དུས། ཁོང་ཚོ་ནི་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་ཞིག་མིན་ལ། བོད་ཡིག་དང་རྒྱ་ཡིག་མི་ཤེས་ཤིང་། ཕྱི་རྒྱལ་དུ་ཡུལ་སྐོར་ལའང་འགྲོ་མྱོང་མེད་” ཅེས་འཁོད་འདུག
རྐང་ལམ་ཕྲ་མོ་ཚང་གིས། ༢༠༠༨ /༣ <<བོད་ཀྱི་སློབ་གསོ་>>ལས་བཤུས།
No comments:
Post a Comment