ཁ་གསལ་དྲང་གཞག་གི་གྲོས་བསྡུར་གཙོ། I གསར།

 

ཉིན་རེའི་འཚོ་བ་བག་ཡོད་དཔྱོད་ཤེས་ཀྱིས་རོལ་བར་བྱ།


『རྩོམ་མཁན་ཁ་ཙུ་ཨོ.ཨེ་ན་མོ་རེ། སྒྱུར་མཁན་ན་བུན།』


_____མྱི་ཚེ་ནི་གཏམ་བརྗོད་ཟློས་གར་ཡིན་ན། འུ་ཚོ་ནི་གསང་ཐག་ལྷ་མོའོ།། 


མྱི་ཚང་མར་སྐྱེ་བ་ཐེངས་གཅིག་ལས་མེད་ཅིང་། འུ་ཚོས་དམིགས་མེད་སྒྱིད་ལུག་གིས་མྱི་ཚེ་ཆུད་འཛའ་བ་ནི། ཆེས་འཇིགས་སུ་རུང་བའོ།།


སྤྱིར་བཏང་གི་འཚོ་བ་སྟབས་བདེར་བག་ཡོད་དཔྱོད་ཤེས་ཀྱིས་གཞོལ་བ་ནས། རང་རང་གི་མྱི་ཚེའི་འདུན་མ་ཅིས་ཀྱང་མངོན་འགྱུར་བྱ་ལ། དེ་ནི་ཡར་རྒྱས་སྔོན་ཐོན་གྱི་ལམ་རིམ་མོ།།


དེང་གི་བརྡ་འཕྲིན་དུས་རབས་ཀྱི་སྤྱི་ཚོགས་ཁྲོད་དུ། འུ་ཚོས་ཕྱི་རོལ་ཡུལ་གྱི་དྲང་ལྡོག་ཕན་གནོད་ཀྱི་ཤན་དང་ཤུགས་ལ། ངེས་པར་དུ་བག་ཡོད་དཔྱོད་ཤེས་མ་སྟེན་ཚེ། ཕྱིར་འོང་མེད་པའི་དུས་ཚོད་ནི་གླགས་དང་གླགས་ནས་ཆུད་འཛའ་བའི་ཁར། ཐ་མེ་ཐོམ་མེར་མྱི་ཚེའི་འདུན་མའང་ཕྱིན་ཅི་ལོག་ཏུ་བསྒྱུར་ཞིང་འགྱུར་རོ།།


དེས་ན། རང་ཉིད་རང་གི་མྱི་ཚེའི་འདུན་མ་གང་ལ་བྲོད་ཅིང་བསྟིམ་ལ། རང་གི་མྱི་ཚེའི་ཟློས་གར་རང་གིས་ཁ་ལོ་སྒྱུར་ན་ད་གཟོད་འགྲིག་སྙམ།


ཁ་གསལ་དྲང་གཞག་གི་གྲོས་བསྡུར་གཙོ།


『རྩོམ་མཁན་ཁ་ཙུ་ཨོ.ཨེ་ན་མོ་རེ། སྒྱུར་མཁན་ན་བུན།』


འགན་འཁྲི་གང་ཞིག་ཕྱར་བ་གྲུ་འདེགས་ཀྱིས་སྒྲུབ་དུས། འགན་ཡོད་ཕན་ཚུན་དབར་དུ་ལས་འགན་ལམ་ལྷོང་གི་གེགས་རྐྱེན་གསལ་འདོན་དང་ནོར་འཁྲུལ་ཡོ་བསྲང་བྱ་བའི་རང་དབང་ངེས་པར་དུ་ཡོད་དགོས།


དེ་མིན། “འདི་ལྟར་སྒྲུབ་པས་འཐུས་སོ་” ཞེས་བརྒྱ་ཁ་གཅིག་གཅོད་ཀྱི་གཏམ་སྦྱོར་མི་རྩོམ་པར། ཐབས་ཤེས་དང་ཐབས་ལམ་གང་དང་ཅི་བསྟེན་ཞིང་གཞུག་ན། ད་གཟོད་མཉམ་ལས་ལེགས་འགྲུབ་འབྱུང་མིན་ལ་ངེས་པར་དུ་ཁ་གསལ་དྲང་གཞག་གིས་བློ་དང་གྲོས་བསྡུར་ན་འོང་གི། ལས་གྲོགས་སམ་འགོ་གཙོ་གང་གི་མཚང་དུ་འཛེམ་པའམ། ལས་གནས་ཀྱི་འཁོན་དུ་འཇིགས་ཏེ། ཤེས་བཞིན་གསལ་བཞིན་དུ་ད་དུང་ནོར་འཁྲུལ་འཐུས་ཤོར་གཡོལ་ཞིང་བཤོལ་ཚེ། བྱས་ཉེས་ཀྱི་ཁྱབ་ཇེ་ཆེ་དང་ཚབས་ཇེ་ཐུར་བཏང་བ་ལས། རང་གཞན་སུ་ལའང་མཇུག་འབྲས་ལེགས་པོ་འགའ་ཡང་འཐོབ་ཏུ་མེད།


དངོས་དོན་ངོ་མ་བོ་རང་རང་གི་མཚན་ལ་ཉེས་ཀྱང་ཁ་གསལ་དྲང་གཞག་གིས་སྨྲ་བར་སྤོབས་དགོས། དེ་ལྟར་བགྱིས་ན། ཕྱིས་འབྱུང་གི་རོགས་རེས་མཉམ་ལས་ཐད་ནས། གོང་འོག་ལས་གྲོགས་ཕན་ཚུན་དབར་དུ་ཡིད་ཆེས་གཙང་མ་འོང་ཁར། ལས་འགན་ལེགས་འགྲུབ་ཀྱི་ཁོར་ཡུག་ཀྱང་འཛོམ་པོ་ཞིག་བསྐྲུན་ཐུབ་བོ།།


No comments:

Post a Comment

Adbox