ཆེན་པོས་ཆེ་ས་ནས་གནོད་ཆེ་བ་ལས། ཆུང་ངུས་ཆུང་ས་ནས་ཕན་ཆུང་བས་ཀྱང་འཐུས། I གསར།


ཆེན་པོས་ཆེ་ས་ནས་གནོད་ཆེ་བ་ལས། ཆུང་ངུས་ཆུང་ས་ནས་ཕན་ཆུང་བས་ཀྱང་འཐུས།


『རྩོམ་མཁན་ཁ་ཙུ་ཨོ.ཨེ་ན་མོ་རེ། སྒྱུར་མཁན་ན་བུན།』


འབྲེལ་འདྲེས་ཀྱི་རུ་མ་བྱམས་བརྩེ་ཡིན། འོན་ཀྱང་། དེ་ལ་ཧམ་འཕྲོག་དང་གཡོ་འཕྲུལ་ཡེ་ནས་མི་འགྲོ། 


དོན་དག་གཙོ་ཕལ་གང་འདྲ་ཞིག་ཡིན་ནའང་། གོང་མ་གོང་མས་འོག་མ་འོག་མར་གཅུན་ཞིང་བཏུལ་ནས། རང་རང་གི་འགོ་གཙོ་གང་དེར་གཉའ་སྒུར་སྒུར་དང་གུས་ཞུམ་ཞུམ་བྱེད་དུ་འཇུག་གོ་སྙམ་ན། བསམ་སྦྱོར་དེས་ནི་གོང་འོག་གི་མཛའ་བརྩེ་བརྩོན་འགྲུས་དང་བཅས་པ་རྨེག་མེད་དུ་བཅོམ་པ་ལས་འཐོབ་བྱ་ཅི་ཡང་མེད།


དེ་ལ་གནའ་དེང་གི་བཤད་སྟངས་གཉིས་ཏེ། ཕྱི་མར། “ཆུང་ན་བཟང་།” ཞེས་དང་། སྔ་མར། “ཆེན་པོས་ཆེ་ས་ནས་གནོད་ཆེ་བ་ལས། ཆུང་ངུས་ཆུང་ས་ནས་ཕན་ཆུང་བས་ཀྱང་འཐུས།” ཞེས་སྨྲའོ།།


སྐད་ཆ་འདིའི་སྔ་ཕྱི་བརྗེས་ནས། “ཆེ་ན་བཟང་།” ཞེས་སྨྲ་བའི་དུས་ཤིག་ན། མི་འདོད་བཞིན་དུ་གཤམ་གྱི་ལས་མིར་བཙན་དང་དབང་གིས་གཅུན་ཞིང་བཀོལ་མཁན་ཏེ། སྟེང་གི་འགོ་གཙོས། དེ་དོན་ནི་ཅིས་ཀྱང་མཐུན་སྒྲིལ་མཉམ་རྒྱལ་གྱི་མིག་དཔེར་འཛིན་ཞིང་འཇུག་པ་འོས།


དེས་ན། འུ་ཚོ་ཚང་མས་འཐོབ་སྙེག་བྱེད་ཀྱིན་པའི་བྱམས་བརྩེ་གཤའ་མ་བོ། གཞན་ཕན་གུ་ཡངས་ཀྱི་སྟེང་ནས་ད་གཟོད་རྙེད་ཐུབ་བོ།།

ངོ་སྤྲོད་སྙིང་བསྡུས། 

ཁ་ཙུ་ཨོ.ཨེ་ན་མོ་རེ་(Kazuo Inamori 1932 - 2022) ཉི་ཧོང་རྒྱལ་ཁབ་ཀྱི་ཕྱུག་བདག རྒྱལ་སྤྱིའི་ཁེ་ལས་སྤྱི་གཉེར་ཁང་(Kyocera) དང་(KDDI)གསར་འཛུགས་གནང་མཁན། བསམ་བློ་བ། འགྲོ་མིའི་བྱམས་བརྩེ་དོན་གཉེར་དར་སྤེལ་གཏོང་མཁན་ནང་བསྟན་གྱི་རྗེས་འཇུག་པ་གྲགས་ཅན་ཞིག་རེད། བརྩམས་ཆོས་གཙོ་བོར། <<འདོད་འཇོའི་ལམ་སྟོན་>> (A Compass to Fulfillment)སོགས་འབོལ་རྩོམ་དང་དཔྱད་རྩོམ་འབོར་ཆེན་འདུག



No comments:

Post a Comment

Adbox