ནུབ་གླིང་གི་སྙན་དེབ་གསུམ་གྱི་སྙན་རྩོམ་གསུམ། I གསར།

 

དེ་རིང་། ང་ལ་ང་ཡི་སྐད་ཡིག་ཡོད།

རྩོམ་མཁན་ཨེ་ཌོ་ནེ་སི། སྒྱུར་མཁན་ན་བུན།

ང་ཡི་མེས་རྒྱལ་དང་། དེ་ཡི་རྒྱལ་ཁྲི་གཏོར་ཟིན།

ང་ཡི་ཕོ་བྲང་དང་། དེ་ཡི་ཀ་གདུང་གཏོར་ཟིན།


ང་འཁྱམས་ནས། འཚོལ་སྙེགས་གློ་བར་ཁུར་ཡོད།

ང་ཡི་ཆར་ནག་རྒྱ་མཚོར་སྲུབ་ཅིང་། དེ་ལ་ནི།

བསང་བུམ་དང་། དེ་ཡི་མེ་ལྕེས་དཔང་བོ་བགྱིས་ཤིང་། 

ང་ཡི་ཡ་ཁ་དང་མ་ཁར། མ་འོངས་པའི་དུས་ཚོད་བརྐོས་ཡོད།


དེ་རིང་། ང་ལ་ང་ཡི་སྐད་ཡིག་ཡོད།

ང་ལ་ང་ཡི་མངའ་ཐང་དང་། དེ་ཡི་རྒྱལ་མཚམས་ཡོད། 


ང་ལ་ང་ཡི་མི་རིགས་ཡོད་ལ། དེ་ཡི་ཐེ་ཚོམ་གྱིས་ང་གསོན་པར་བྱེད་ཅིང་།

ང་ཡི་ཉམ་རྒུད་དང་། ང་ཡི་གཤོག་འོག་ཏུ།

ཁོང་ཚོར་འོད་སྣང་སྦར།



ཞི་འཇམ། 

རྩོམ་མཁན་ཊི་རན་སི་ཊོ་མེར། སྒྱུར་མཁན་ན་བུན།


བཞུད་རོགས། ཁོ་ཚོ་དུར་ལ་སྦས་ཟིན།

སྤྲིན་པ་ཚོམ་བུས། ཉི་འོད་རྒྱང་ལ་བསྐྲད་སོང་། 


ལྟོགས་གྲི། མཚན་མོར་སྤྱུགས་པའི་ཁང་བཟང་མཐོན་པོ་ཞིག་དང་འདྲ་བར། 

ང་ཚོའི་སྟེང་ལ་ཞོམ་འོང་གིན་འདུག 


ཉལ་ཁང་ནང་དུ། མུན་ནག་གི་དོང་ཁ་གཟེད་དེ།

གློག་གི་ཐེམ་སྐས། རྒྱུ་ཞབས་ལ་ལྷུང་སོང་།


དོང་ཞབས་ཀྱི་མེ་ཏོག ཞི་འཇམ། རྟེན་འབྲེལ།

བཞུད་རོགས། ཁོ་ཚོ་དུར་ལ་སྦས་ཟིན།


དངུལ་མདོག་གི་ཚེབ་དང་ཐུར་མ། ཉ་མོ་བཞིན་འཁྱུག་ཅིང་།

དེ་གར། ནུབ་ཀྱི་རྒྱ་མཚོ་གནག་ཅིང་ཟབ། 



རྡོ་ཉི་མ། ༼ཚན་བསྒྱུར།༽


རྩོམ་མཁན་ཕཱ་ཙི། སྒྱུར་མཁན་ན་བུན།


༡༽

འཁྱམས་ཀར། རྡོ་ཉི་མ་སྲ་མཁྲེགས་སུ་འགྱུར་ཅིང་།

དགུང་སྔོན་དབྱངས་སུ། ཉི་འོད་ཀྱི་མེ་ལྕེ། དུས་ཚོད་ཀྱི་ལྡིང་སྐོར།

ཡང་ན་ཉི་འོད་ཀྱི་འཁོར་སྐྱོད། ཉི་མ་ནི་སྐར་རྡོ་ཞིག་རེད།


དུས་ཚོད་ཀྱི་ཕྱི་ནང་གསལ་རྗེས། 

བྱ་ཚོགས་ཀྱི་འཕུར་ལྡིང་མི་མཐོང་ནའང་། ཉི་འོད་འོག་ཏུ། 

ང་ཚོར་གྲེ་འགྱུར་གྱི་ཁ་དོག་མངོན་པར་བྱེད།


༢༽

གྲིབ་ནག་གི་རླབས། མུན་ནག་གི་རླབས།

དཔྲལ་བར་སྐྱོམས། མེ་ལྕེ་ཁྲོད་དུ།

བསམ་གཞིག་གི་རླབས་རྒྱུན། ཕྱིར་ལྡོག་གིས་འཕྱོ་འོངས། 


༣༽

མི་དང་། ཐ་སྙད། མི་དང་་་།

ང་ཐེ་ཚོམ་སྐྱེས་སོང་།

མཐོང་ཀར། ཟླ་བ་ཁེར་རྐྱང་རེད།


༤༽

མིག་བཙུམ་ན། ངས་རང་ཉིད་མཐོང་ཡོང་།

སྟོང་པའམ། སྟོང་པ། 

དེ་གར། ངའང་ཡོད་པའམ་མེད་པ།





No comments:

Post a Comment

Adbox