ཁྱོད་ཀྱི་ཕྱེད་ཀ
ན་བུན།
ཁྱོད་ཡོང་སྐབས་ཀྱི་ཐོ་རངས། དུས་ཚིགས་ལྟར་ཚེས་ཤིང་།
གྲིབ་མ། རྩྭ་ལྗང་།
ཅི་ཅང་འཛོམས།
ཁྱོད་འགྲོ་དུས་ཀྱི་ས་སྲོས། ཁ་བ་བཞིན་འཕུར་ཏེ།
གྲིབ་མ། ཀེང་རུས།
ཅི་ཡང་སྟོངས།
༢༠༢༠ /
འཆར་ཡན།
ནམ་མཁའ་གཅེར་བུར་ཅེར་དུས།
འབྲོག་སྟོང་གི་བྲག་རྡོས། ཐ་སྙད་ཀྱི་ཤམ་ལྭ་གྱོན་ནས་འགྲོ།
དེ་ཡི་རྗེས་ཀྱི་རྒྱུ་སྐར་གྲངས་མེད།
བདག་ལ་ནི་ཅི་ཡང་གསུངས་མ་སོང་།
༢༠༢༡ /

No comments:
Post a Comment