ན་བུན།
ཁྱོད་འཕུར་སོང་། སྔ་མོ་ནས་འཕུར་སོང་།
རེ་བ་ཞིག་སེམས་ལ་རུམ་ནས།
ང་གང་ལ་འཁྱར།
ཁྱོད་བོར་སོང་། ཆུང་དུས་ནས་བོར་སོང་།
ཞལ་ཆེམས་ཤིག་ཞེ་ལ་ཐོགས་ནས།
ངས་གང་དུ་འཚོལ།
མི་ཡུལ་འགྱུར་སོང་། ཕྱི་ནང་མེད་པར་འགྱུར་སོང་།
ཡིད་རྟོན་ཞིག་ཡིད་ལ་བཅོལ་ནས།
ང་ག་བར་ལོག
༢༠༡༨
འཁྲུངས་སྐར།
རེ་བ་ཞིག་སེམས་ལ་རུམ་ནས།
ང་གང་ལ་འཁྱར།
ཁྱོད་བོར་སོང་། ཆུང་དུས་ནས་བོར་སོང་།
ཞལ་ཆེམས་ཤིག་ཞེ་ལ་ཐོགས་ནས།
ངས་གང་དུ་འཚོལ།
མི་ཡུལ་འགྱུར་སོང་། ཕྱི་ནང་མེད་པར་འགྱུར་སོང་།
ཡིད་རྟོན་ཞིག་ཡིད་ལ་བཅོལ་ནས།
ང་ག་བར་ལོག
༢༠༡༨
འཁྲུངས་སྐར།
དེ་རིང་ཡང་ཡང་།
ངས་ཞིང་ཁམས་ཤིག་ལ་སྟ་གོན་བྱས་ཡོད།
མ་འགུལ་ཨང་།
རླུང་ལ་ཟློ་བར་ཆུགས་དང་།
དེ་ནི་ཞིང་ཁམས་ཤིག་རེད།
༢༠༢༠
ངས་ཞིང་ཁམས་ཤིག་ལ་སྟ་གོན་བྱས་ཡོད།
མ་འགུལ་ཨང་།
རླུང་ལ་ཟློ་བར་ཆུགས་དང་།
དེ་ནི་ཞིང་ཁམས་ཤིག་རེད།
༢༠༢༠
No comments:
Post a Comment