གཉའ་ཁྲི་བཙན་པོ་ནས།
མི་གསུམ་སྒོར་ཕྱིན།གཅིག་གིས་ཆར་གདུགས་བཟུང་། གཅིག་གིས་མཁར་བ་བཟུང་། གཅིག་གིས་ཅི་ཡང་བཟུང་མེད། ཕྱིར་ཐོན་དུས། ཆར་གདུགས་ཅན་དེ་བརླན་པར་བྱས་འདུག མཁར་བར་རྟེན་མཁན་དེ་ཐང་ལ་འགྱེལ་ནས་རྨས་འདུག གཞན་པ་དེར་ཅི་ཡང་བྱུང་མེད་པ་རེད། མ་གཞི། ཆར་བབས་རྗེས། ཆར་གདུགས་ཅན་དེས་ཆར་གདུགས་ཡོད་སྙམ་ནས་འཛེམ་དོགས་མེད་པར་སོང་བས་བརླན་བྱུང་ལ། འདམ་ལམ་དུ་འགྲོ་སྐབས་མཁར་བ་ཐོགས་མཁན་དེས་མཁར་བར་བརྟེན་ནས་རྒྱུག་པས་ཐང་ལ་འགྱེལ། ཅི་ཡང་བཟུང་མེད་པ་དེས་ཆར་བར་གཡོལ་ཞིང་ལམ་ནས་སེམས་ཆུང་གིས་སོང་བས། ཅི་ཡང་མ་བྱུང་བ་རེད།
སྡོམ་ཚིག སྤྱིར་བཏང་ང་ཚོ་རང་ཉིད་ཀྱི་ཞན་ཆའི་སྟེང་ནས་ཕམ་སོང་བ་མ་ཡིན་པར། ཏག་ཏག་རང་ཉིད་ཀྱི་བཟང་ཆའི་སྟེང་ནས་ཕམ་པར་གདམས།
གྲོང་རྡལ་ཆུང་ཆུང་ཞིག་ནས།
ཚོང་པ་ཞིག་གིས་སྣུམ་འཚོང་ས་ཞིག་གཉེར། ཚོང་ཧ་ཅང་བྲིན་པས། ཚོང་པ་གཞན་ཞིག་ཀྱང་ཐོན། དེས་ཟ་ཁང་ཞིག་གཉེར། ཡང་ཚོང་པ་ཞིག་ཐོན་ནས་ཚོང་ཁང་གཉེར་བས། ས་གནས་དེ་དར་རྒྱས་སུ་ཕྱིན།
གྲོང་རྡལ་གཞན་ཞིག་ནས། ཚོང་པ་ཞིག་གིས་སྣུམ་འཚོང་ས་ཞིག་གཉེར་བ་ལ་ཚོང་ཧ་ཅང་བྲིན་པས། ཚོང་པ་གཞན་ཞིག་གིས་ཀྱང་ཡོང་ནས་སྣུམ་འཚོང་ས་གཉེར་ལ། དེར་མཐུད་ནས་ཚོང་པ་གཞན་དག་ཀྱང་ཡོང་ནས་སྣུམ་འཚོང་ས་གཉེར་བས་འགྲན་རྩོད་དྲག་པོ་བྱུང་ནས་ཚང་མ་རྡིབ་པར་གྱུར།
སྡོམ་ཚིག གཞན་རྗེས་ཁོ་ན་འབྲངས་ན་རང་ཉིད་ཀྱི་ལམ་ཡང་འགག་འགྲོ་བར་བསྟན།

ཁྱིམ་ཚང་ཞིག་ལ་བུ་གསུམ་ཡོད།
ཁོ་ཚོའི་ཕ་མ་གཉི་གས་ནམ་རྒྱུན་འཛིང་མོལ་བྱེད་ཅིང་། ཨ་མའི་ལུས་ཧྲིལ་བོར་སྔོ་ཐིག་གིས་ཁེངས་ཡོད། བུ་ཆེ་བའི་སེམས་སུ་ཨ་མ་སྙིང་མ་རྗེ། རྗེས་ནས་རང་གིས་ཆུང་མ་བླངས་ན་ཆུང་མ་ལ་བྱམས་དགོས་སྙམ། བུ་འབྲིང་བའི་སེམས་སུ་གཉེན་བསྒྲིགས་ན་སྙིང་བོ་ཅི་ཡང་མི་འདུག ང་ནར་སོན་ན་གཉེན་མི་བསྒྲིག་ཁོ་ཐག་ཡིན་སྙམ། བུ་ཆུང་བའི་སེམས་སུ་མ་གཞི་ཁྱོ་གས་ཆུང་མ་ལ་གཅར་རྡུང་བྱས་ནའང་ཆོག་འདུག་སྙམ།
སྡོམ་ཚིག ཁོར་ཡུག་འདྲ་ན་ཡང་། བསམ་བློ་གཏོང་སྟངས་མ་འདྲ་ན་མི་ཚེའི་ལམ་བུའང་མི་འདྲ་བར་བསྙད།

རྟ་གཉིས་ཀྱིས་སོ་སོར་ཤིང་རྟ་རེ་དྲུད།
རྟ་གཅིག་མགྱོག་པས་སྔུན་ལ་ཤོར། རྟ་གཅིག་དལ་བས་རྗེས་སུ་ལུས། བདག་པོས་རྟ་རྗེས་མ་དེའི་ཤིང་རྟའི་ནང་གི་དངོས་པོ་རྣམས་རྟ་སྔུན་མ་དེའི་ཤིང་རྟའི་ནང་དུ་སྐྱེལ། རྟ་རྗེས་མ་དེར་ཁོང་དགོད་ཅིག་ཤོར་ནས། སེམས་སུ་ཇི་ལྟར་འབད་ན་དེ་ལྟར་སྡུག་མྱོང་བ་རེད་ཨང་སྙམ། འོན་ཀྱང་བདག་པོས་དངོས་པོ་ཚང་མ་རྟ་གཅིག་གིས་འདྲུད་ཐུབ་ན་རྟ་གཉིས་གསོ་དགོས་དོན་ག་ལ་ཡོད་སྙམ་ནས། རྟ་སྒྱིད་ལུག་དེ་བཤས་ནས་ཁ་ཟས་སུ་བྱས། སྣང་ཚུལ་འདི་ལ་དཔལ་འབྱོར་རིག་པའི་ཁྲོད་ནས་རྟ་སྒྱིད་ལུག་གི་སྣང་ཚུལ་ཟེར།
སྡོམ་ཚིག གལ་ཏེ་ཁྱོད་ནི་ཡོད་ཆོག་ལ་མེད་ཀྱང་ཆོག་པ་ཞིག་ཡིན་ཚེ། ཁྱོད་རྒྱང་ཕུད་དུ་གཏོང་བའི་ཉིན་མོའང་ཐག་མི་རིང་གདམས།
No comments:
Post a Comment