『ན་བུན་གྱིས་སྒྱུར།』
ཉིན་ཞིག འཇིགས་རུང་གི་བཀའ་དབང་གཉན་པའི་རྔ་བྱ་ཞིག་གིས་རྔ་བྱ་གཞོན་ནུའི་ཚོགས་ལ། རང་རིགས་ནི་བྱ་རིགས་གཞན་དག་ལས་ཁྱད་དུ་འཕགས་རབས་འཆད་བཞིན་འདུག “རོ་མན་པ་ང་ཚོར་རྒྱུས་མངའ་ཡོད་པའམ། ཡང་ན་ང་ཚོ་རོ་མན་པར་རྒྱུས་མངའ་ཡོད།” ཁོས་བཤད་རྒྱུར། “ཁོ་ཚོས་འུ་ཅག་ལ་རྔ་བྱ་(αϖισ−στρυτηιο)ཞེས་འབོད་ཅིང་། འུ་ཅག་གིས་ཁོ་ཚོར་རོ་མན་པ་(Ρομανσ)ཞེས་འབོད། གྷི་རེ་ཁིས་འུ་ཅག་ལ་རྔ་བྱ་(στρουτηιον)ཞེས་འབོད་ཅིང་། དེ་ནི་བྱ་གཞུང་དྲང་ཞེས་པའི་དོན་ནམ། ཡང་ན། གལ་ཏེ་དེ་ལྟར་མིན་ཚེ། དེ་དོན་ཡིན་འོས། འུ་ཅག་ནི་འཛམ་གླིང་གི་བྱ་རིགས་ཆེ་ཤོས་ཡིན་པས་ལེགས་ཤོས་ཀྱང་ཡིན་ནོ།།”
ཉན་པ་པོ་ཚང་མས། “དེ་ག་རང་རེད། དེ་ག་རང་རེད།” ཅེས་འུར་ཆིལ་ལེར་སོང་། དཔྱོད་ལྡན་པ་ཨོ་ལེ་བིར་(Ολιϖερ)གཅིག་པུས་ཁས་ལེན་བྱས་མ་སོང་། ཁོས་སྐད་གསང་མཐོན་པོས། “འུ་ཅག་ནི་བྱེའུ་འུར་པ་(ηυμμινγβιρδ)ནང་བཞིན་ཕྱིར་ལྡོག་གིས་འཕུར་མི་ཐུབ།” ཅེས་བརྗོད་བྱུང་།
“བྱེའུ་འུར་པ་ཕྱིར་བཤོལ་བྱས་པ་རེད།” ཅེས་རྔ་བྱ་རྒན་པས་བཤད་རྒྱུར། “འུ་ཅག་གིས་ས་ཆེན་བགྲོད་ཀྱིན་ཡོད། འུ་ཅག་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད་དོ།།”
ཨོ་ལེ་བིར་གཅིག་པུ་མ་གཏོགས་རྔ་བྱ་གཞན་ཚང་མས། “དེ་ག་རང་རེད། དེ་ག་རང་རེད།” ཅེས་འུར་ཟིང་ངེར་གྱུར།
“འུ་ཅག་གི་སྒོ་ང་ཆེ་ཤོས་ཡིན་པས་ལེགས་ཤོས་ཀྱང་ཡིན་ནོ།།” ཞེས་རྔ་བྱ་རྒན་པ་ཁ་མཁས་དེས་མུ་མཐུད་དུ་བཤད།
ཨོ་ལེ་བིར་གྱིས། “བྱེའུ་རོ་པེན་(ροβιν)གྱི་སྒོ་ང་སྙིང་རྗེ་མོ་ཡོད་པ་རེད།” ཅེས་བརྗོད་བྱུང་།
“བྱེའུ་རོ་པེན་གྱི་སྒོ་ང་ལས་བྱེའུ་རོ་པེན་འབའ་ཞིག་ལས་སྐྱེ་མི་ཐུབ།” རྔ་བྱ་རྒན་པས་བཤད་རྒྱུར།
“བྱེའུ་རོ་པེན་ནི་ངན་ལང་ལ་ཤོར་བའི་འབུ་རྐྱལ་ཞིག་གོ །”
ཨོ་ལེ་བིར་གཅིག་པུ་མ་གཏོགས་རྔ་བྱ་གཞན་ཚང་མས། “དེ་ག་རང་རེད། དེ་ག་རང་རེད།” ཅེས་ཡང་བསྐྱར་འུར་ཆིལ་ལེར་སོང་།
“འུ་ཅག་སྡེར་མོ་བཞི་ལ་བརྟེན་ནས་འགྲེངས་ཡོད། ལྡོག་སྟེ་འགྲོ་བ་མི་ལ་བཅུ་དགོས་པ་རེད།” ཅེས་རྔ་བྱ་རྒན་པ་དེས། སློབ་སྟོན་པས་སློབ་བུ་ཚོར་དྲན་གསོ་གཏོང་བའི་ཚུལ་དུ་བཤད།
ཨོ་ལེ་བིར་གྱིས་སྨྲས་པ། “འགྲོ་བ་མི་ཙོག་ནས་འཕུར་ཐུབ། འུ་ཅག་དེ་ལྟར་འཕུར་མི་ཐུབ།”
རྔ་བྱ་རྒན་པ་དེས་ཐོག་མར་མིག་གཡས་པ་དང་དེ་ནས་མིག་གཡོན་པས་ཨོ་ལེ་བིར་ལ་སྡང་མིག་བགྲད་ཅིག་ནས་བཤད་རྒྱུར། “འགྲོ་བ་མི་འཕུར་བ་མགྱོགས། སའི་གོ་ལ་ཟླུམ་རིལ་ཡིན་པས། དེ་མ་ཐག་སྔ་མས་རྗེས་མའི་རྗེས་ཆོད་ནས་ཕན་ཚུན་གདོང་ཐུག་རྒྱག་གི་རེད། འགྲོ་བ་མིས་རྒྱབ་ལོགས་ནས་གདོང་ཐུག་རྒྱག་མཁན་དེའང་འགྲོ་བ་མི་ཡིན་པ་ཤེས་མི་སྲིད་དོ།།”
“དེ་ག་རང་རེད། དེ་ག་རང་རེད།” ཅེས་ཨོ་ལེ་བིར་གཅིག་པུ་མ་གཏོགས་རྔ་བྱ་གཞན་ཚང་མ་འུར་ཆེམ་མེར་གྱུར།
“འཇིགས་ཉེན་ཆེ་བའི་སྐབས་སུ། འུ་ཅག་གིས་རང་མགོ་བྱེ་མའི་ནང་དུ་བཅུག་སྟེ་རང་ཉིད་མི་མངོན་པར་བཟོ་ཤེས།” ཞེས་རྔ་བྱ་ཁ་མཁས་དེས་འུར་གཏམ་བཤད་རྒྱུར། “སུས་ཀྱང་དེ་ལྟར་བྱེད་མི་ཤེས་སོ།།”
ཨོ་ལེ་བིར་གྱིས་དོགས་འདྲི་གནང་བྱུང་། “གལ་ཏེ་འུ་ཅག་གིས་མ་མཐོང་ན། གཞན་གྱིས་འུ་ཅག་མི་མཐོང་བ་འུ་ཅག་གིས་ཅི་འདྲ་ཤེས་སམ།”
“ལོག་བཤད།” ཅེས་རྔ་བྱ་རྒན་པས་དེ་སྐད་ལབ་ཅིང་། དེ་དོན་ཅི་ཡིན་ཧ་མ་གོ་ནའང་། རྔ་བྱ་གཞན་དག་གིས་ཀྱང་། “ལོག་བཤད།” ཅེས་ཨོ་ལེ་བིར་ལ་ཟུར་ཟ་བྱས།
སྐབས་དེར་རྔ་བྱ་དགེ་སློབ་ཚང་མས་ལྡིར་སྒྲ་སྐྱི་གཡའ་བ་ཞིག་ཐོས་ཡོང་། དེ་ནི་འབྲུག་སྒྲ་ལྡིར་བ་ནང་བཞིན་ཐག་ཇེ་ཉེ་ནས་ཇེ་ཉེར་འོངས་པ་ན། དེ་ནི་གནམ་གཤིས་ཀྱི་འབྲུག་སྒྲ་མ་ཡིན་པར་ཅི་བྱུང་འདི་བྱུང་མེད་པར་བདག་ཏུ་མ་བཟུང་བའི་གླིང་ཆེན་ཁྱུ་ཞིག་འདྲོགས་ནས་ཞོགས་ཡོང་བའི་ལྡིར་སྒྲ་རེད།
ཨོ་ལེ་བིར་གཅིག་པུ་མ་གཏོགས། རྔ་བྱ་རྒན་པ་གཙོ་བྱས་རྔ་བྱ་གཞན་ཚང་མས་ལམ་སང་རང་མགོ་བྱེ་མའི་ནང་དུ་བཅུག་སོང་།
གླིང་ཆེན་གྱི་ཁྱུ་བྱེར་ཚར་རེག་བར་དུ་ཨོ་ལེ་བིར་རྡོ་ཕ་བོང་ཞིག་གི་རྒྱབ་ཏུ་ཡིབ་ནས་བསྡད། ཁོ་ཕྱིར་ཐོན་དུས། ཁོས་རྒྱ་མཚོ་ལྟ་བུའི་བྱེ་ཐང་དུ་བྱ་སྤུ་དང་རུས་པ་འབའ་ཞིག་མཐོང་ཡོང་།
དེ་དག་ཚང་མ་རྔ་བྱ་རྒན་པ་དང་ཁོང་གི་སློབ་བུ་ཚོས་ཤུལ་དུ་བསྐྱུར་བའི་སྣང་གནས་རེད། དེ་ལྟར་ཡང་རེ་དོགས་སེལ་བའི་ཆེད་དུ། ཨོ་ལེ་བིར་གྱིས་རྔ་བྱ་རེ་རེའི་མིང་ནས་བོས། འོན་ཀྱང་རང་གི་མིང་ཡིག་ལ་ཐུག་རེག་བར་དུ་ཁོར་ཨ་ལེན་སྟེར་མཁན་མ་བྱུང་།
ཁོས། “ཨོ་ལེ་བིར།” ཞེས་རང་མིང་ནས་བོས།
ཨོ་ལེ་བིར་གྱིས་རང་ཉིད་ལ། “དེ་ག་རང་རེད། དེ་ག་རང་རེད།” ཅེས་བརྗོད།
འདི་ནི་ཆེས་མཐའ་མཇུག་གི་ལྡིར་སྒྲ་དེ་གནམ་ས་འདྲེས་མཚམས་སུ་རིམ་གྱིས་ཡལ་བའི་རྗེས་ཀྱི་བྱེ་ཐང་གི་འབོད་སྒྲ་ཁོ་ན་རེད།
【 རྩོམ་པ་པོ། 】
ཇེམ་སི་ཐུར་བྷིར་(ϑΑΜΕΣ ΤΗΥΡΒΕΡ 1894 ∠ 1961)ནི་ཨ་རིའི་རབ་བཏགས་རི་མོ་མཁན་དང་རྩོམ་པ་པོ། གསར་འགོད་པ། འཁྲབ་གཞུང་རྩོམ་པ་པོ། བྱིས་རྩོམ་ཞུ་ཆེན་པ། བློ་འབྱེད་བསམ་བློ་བ། མདོར་ན་དུས་སྐབས་དེའི་ནུབ་གླིང་གི་རྒྱ་ཆེའི་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ་པའི་གཏམ་བརྗོད་བཞད་གར་བ་གྲགས་ཅན་མང་པོའི་གྲས་ཡིན། གཏམ་རྒྱུད་ཟློ་གར་གསར་རྩོམ་གྱི་ལམ་ནས། ཁོང་གིས་མི་མང་དཀྱུས་མའི་སྨྱོ་འཚུབ་དང་བག་འཁུམ་རང་བཞིན་ལ་ཐེར་འདོན་དང་བློ་འབྱེད་མཛད་མྱོང་།
ཁོང་གི་མིང་དུ་གྲགས་པའི་རབ་བཏགས་རི་མོ་དང་སྒྲུང་ཐུང་མང་ཤོས་ནེའུ་ཡོག་དུས་དེབ་སྟེང་འགྲེམ་སྤེལ་བྱས་ཤིང་། རྩོམ་དེབ་མང་པོ་ཞིག་ནུབ་གླིང་གི་སྐད་ཡིག་གཞན་ནང་བསྒྱུར་བསྐྲུན་གནང་འདུག དེའི་གྲས་ཀྱི་བརྩམས་ཆོས་གཙོ་བོར་<<མིག་སེར་བསྐྱེད་པའི་གོ་གནས་>>(Τηε Χατβιρδ Σεατ)དང་<<ཝལ་ཊིར་མེ་ཏེ་ཡི་གསང་རྣམ་>>(Τηε Σεχρετ Λιφε οφ Ωαλτερ Μιττψ)སོགས་འདུག
No comments:
Post a Comment