རྒང་དང་ཝ་མོ། ད་དུང་རི་བོང་བློ་ལྡན་གྱི་ཚོགས། | འོས་སྦྱོར།

རྩོམ་མཁན། མེ་ལྕེ།


དབྱིན་ཇིའི་རང་དབང་རིང་ལུགས་ཀྱི་བསམ་བློ་མཁན་ཨེ་ཟེ་ཡ་བྷིར་ལིན་(Isaiah Berlin,以赛亚·伯林,1909—1997)ལགས་ཀྱིས་དུས་རབས་བཅུ་དགུ་པའི་ནང་གི་ཨུ་རུ་སུའི་བསམ་བློའི་བྱུང་འཕེལ་སྐོར་གླེང་སྐབས། རྒང་དང་ཝ་མོ་གཉིས་ལ་དཔེ་བཞག་སྟེ་ཡོན་ཏན་པ་རྣམས་རྩ་བའི་ཆ་ནས་རིགས་ཆེན་པོ་གཉིས་སུ་བཀར་འདུག རིགས་དང་པོ་སྟེ་རྒང་ལྟ་བུའི་ཡོན་ཏན་པ་ནི་ཤེས་བྱ་སྣ་གཅིག་ལ་ནང་བྱན་ཆུད་ཅིང་མཁས་པའམ། ཡང་ན་རང་ཉིད་ཀྱི་བསམ་བློའི་མ་ལག་ཅིག་འཛུགས་པར་གཞོལ་ཏེ་གཞན་གང་ལ་ཡང་ཁ་ཡ་མི་བྱེད་པ་ལ་ཟེར་བ་དང་། རིགས་གཉིས་པ་སྟེ་ཝ་མོ་ལྟ་བུའི་ཡོན་ཏན་པ་ནི་ཤེས་བྱ་ཡོན་ཏན་མང་པོ་ཞིག་ལ་སྤྲོ་བ་འཕེལ་ཞིང་། དེས་མི་ཚད་གནད་དོན་གང་མང་ཞིག་གདོང་གིས་བསུས་ཏེ་བསམ་བློའི་འོད་ཟེར་ཕྱོགས་བཞིར་འཕྲོ་བ་ལ་ཟེར་བའོ།


ཁོང་གིས་ད་དུང་རྒང་ལྟ་བུའི་ཡོན་ཏན་པའི་མཚན་གཞི་ལ་ཕི་ལ་ཐོ་(柏拉图)དང་ཧེ་ཀེལ་(黑格尔)སོགས་དང་། ཝ་མོ་ལྟ་བུའི་ཡོན་ཏན་པའི་མཚན་གཞི་ལ་ཨ་རི་སི་ཏོ་ཏལ་(亚里士多德)དང་མོན་ཐན་(蒙田)སོགས་བཞག་འདུག་ལ། ཡང་ཁོང་གིས་ཨུ་རུ་སུའི་རྩོམ་མཁན་ཐོལ་སི་ཏོའེ་(托尔斯泰)ལགས་ལ་དཔྱད་པ་གཏོང་སྐབས་ན་རེ། ཁོང་ཉིད་མ་གཞི་ནསཝ་མོཞིག་ཡིན་ནའང་། ཐོལ་སི་ཏོའེ་ནིརྒངཞིག་བཅའ་འདོད་ཤིན་ཏུ་ཆེ། མཐའ་མར་ཐོལ་སི་ཏོའེ་ཁོང་ཝ་མོ་ཡག་པོ་ཞིག་འཁྱོངས་ཡོད་པ་ལས། རྒང་ཡག་པོ་ཞིག་ལར་ནས་འཁྱོངས་མེད་ཅེས་གསུངས་སོ།


རང་ཅག་གི་སྣང་ངོར་རྒང་ནི་ཕྱི་རྩུབ་ནང་འཇམ་དང་། ཝ་མོ་ནི་གཡོ་སྒྱུ་ཟོལ་ཟོག་གི་མཚོན་བྱེད་ཅིག་ཏུ་གྱུར་ཡོད་ནའང་། བྷིར་ལིན་ལགས་ཀྱིས་ནུབ་ཕྱོགས་པའི་ཐུན་མིན་གྱི་བཤད་སྲོལ་ལྟར་སྲོག་ཆགས་འདི་གཉིས་དཔེ་རུ་བཀོད་དེ་ཡོན་ཏན་པ་དག་རིགས་གཉིས་སུ་དགར་ཅིང་། ཁོང་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་རྒང་དང་ཝ་མོའི་སྐོར་གྱི་ལྟ་བ་དེ་ཕུན་སུམ་ཚོགས་པ་དང་གྱ་ནོམ་པར་བཏང་འདུག་གོ


དེང་སང་གི་སྐད་ཆ་ལྟར་བཤད་ན། “རྒངནི་མཁས་པའམ་ཆེད་མཁས་པ་རེད་ལ། “ཝ་མོནི་བསམ་བློ་བའམ་ཤེས་ཡོན་ཅན་རེད། ལས་རིགས་ཀྱི་ཆ་ནསརྒངགིས་རིག་གཞུང་གཙོ་བོར་གཉེར་བ་དང་། “ཝ་མོཡིས་བསམ་བློ་གཙོ་བོར་འཛིན་པ་ཡིན། ཁོར་ཡུག་གི་ཆ་ནསརྒངནི་དུས་བདེ་ཞོད་འཇགས་དང་རྒན་མོ་གསེར་འཁུར་གྱི་སྐབས་ལ་མང་པོ་འབྱུང་བ་དང་། “ཝ་མོནི་སྡེ་གཟར་སྐྱས་འུར་དང་ཟང་ཟིང་ལང་ལོང་གི་སྐབས་ལ་མང་དུ་འབྱུང་བར་བཤད། ཤན་སྟོབས་ཀྱི་ཆ་ནསརྒངགི་ཤུགས་རྐྱེན་དང་མཚན་སྙན་གྲགས་དེ་སོ་སོའི་ཚེ་ཐོག་འདི་ལ་རྒྱས་པ་དང་། “ཝ་མོཡི་ཤུགས་རྐྱེན་དང་མཚན་སྙན་གྲགས་དེ་སོ་སོ་འཇིག་རྟེན་དཀར་ངོགས་དང་ཁ་བྲལ་རྗེས་གཞི་ནས་རྒྱས་མགོ་ཚུགས་ཀྱི་ཡོད་དོ།


བོད་ཁ་བ་ཅན་གྱི་སྤྱི་ཚོགས་ཁྲོད། “རྒངངམ་མཁས་པ་བྱོན་མྱོང་ཡོད་ལ། “ཝ་མོའམ་བསམ་བློ་བའང་བྱོན་མྱོང་ཡོད། དུས་དེ་རིང་ཡང་བསམ་བློ་ཁོ་ན་གླེང་བའི་ཤེས་ཡོན་ཅན་ཡོད་ལ། རིག་གཞུང་རྐྱང་བ་གཉེར་བའི་ཆེད་མཁས་པའང་ཡོད། དེ་མིན་ད་དུངརི་བོངཡང་ཡོད་དེ། “རི་བོངདེ་ནི་བློ་རིག་གསལ་བ་དང་སྤྱང་གྲུང་ལྡན་པ། དུས་ལ་བསྟུན་ཤེས་པ་དང་མྱི་ལ་འགྲོགས་མཁས་པ། རང་དོན་མི་འཕྱུག་པ་དང་གཞན་དོན་མི་སེམས་པ་འབའ་ཞིག་ཡིན། “རྒངཡང་མ་ཡིན་ལཝ་མོའང་མ་ཡིན་པའིརི་བོངབློ་ལྡན་ནི་ལོ་འདི་ཚོར་ཤིན་ཏུ་མང་ངོ་།


ཧ་ལས་དགོས་པ་ཞིག་ལ། སྔོན་ཆདཝ་མོཡིན་པ་ལ་ད་ལྟརརྒངདུ་གྱུར་པ་དང་། སྔོན་ཆདརྒངཡིན་པ་ལ་ད་ལྟརརི་བོངདུ་གྱུར་པའང་ཉུང་ཉུང་མིན། དེ་ཡང་། “རི་བོངབློ་ལྡན་གྱི་མཐར་ཐུག་གི་དམིགས་བྱ་ཉག་གཅིག་ནི་ཇི་སྐད་དུ། ཙ་རིའི་གནས་སྐོར་བྱེད་པ་མིང་གི་དོན། །ཚ་གྲང་དཀའ་ཐུབ་བྱེད་པ་ལྟོ་ཡི་དོན། །ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན། །ཝ་ལེར་བསམས་ན་ཐམས་ཅད་ནོར་གྱི་དོན། །ཞེས་པ་ལས་མ་འདས་སོ།


སྤྱིར་ཡིན་ན་སོ་སོརྒངལྟ་བུའི་མཁས་པ་བཅའ་བའམ། “ཝ་མོལྟ་བུའི་བསམ་བློ་བའི་བརྟུལ་ཞུགས་འཛིན་པའམ། “རི་བོངབློ་ལྡན་ལྟ་བུའི་ཡོན་ཏན་པ་བཅའ་བ་ནི་མྱི་རང་རང་གི་འདོད་མོས་དང་གདམ་ཀ་ཞིག་ཡིན་པས། དེ་ལ་སུས་ཀྱང་ཐེ་གཏོགས་བྱེད་མི་ཆོག་ཅིང་སུས་ཀྱངཁ་ལག་སྲིངམི་ཆོག་པ་བདེན་མོད། ཡིན་ནའང་བོད་རང་གིས་ཆུདང་། དུས་བབ་དང་། ཁོར་ཡུག་སོགས་ལ་དམིགས་ནས་བཤད་ན། ཁ་སང་དེ་རིང་ང་རང་ཚོ་ལ་མཁོ་ངོ་མ་ནིཝ་མོདངརྒངཡིན་པ་ལས། “རི་བོངབློ་ལྡན་གྱི་ཚོགས་ནི་མ་ཡིན་ཞིང་། ཡང་གཅིག་བཤད་ན་ང་རང་ཚོརརི་བོངལས་ཀྱངརྒངམཁོ་ལ། “རྒངལས་ཀྱངཝ་མོམཁོ་བ་ཡིན་ནོ།


ཕྱི་ལོ་2026 ལོའི་ཟླ་པའི་ཚེས་ལ།



No comments:

Post a Comment

Adbox