འདོད་འཇོའི་ལམ་སྟོན། I གསར།

ཉམས་མྱོང་རྒན་པོའི་འབེལ་གཏམ་ནི། མི་ཚེ་འཚོ་བའི་ལམ་ཡིག་ཡིན།  


རྩོམ་མཁན་ཁ་ཙུ་ཨོ.ཨེ་ན་མོ་རེ། སྒྱུར་མཁན་ན་བུན།

 

ལོ་ན་ཆུང་དུས། རང་ཉིད་ལ་ཤ་ཚ་ཞིང་སྙིང་ཉེ་བའི་ཕ་མ་དང་དགེ་རྒན། ཡང་ན་རྒན་རབས་པས་ང་ཚོར་མ་འོངས་མི་ཚེའི་མདུན་ལམ་མམ་ཕུགས་འདུན་སྙེག་ཕྱོགས་ཀྱི་ལྟ་དགོངས་བསླབ་སྟོན་གནང་དུས། ང་ཚོས་ནམ་ཞར་ཁོང་རྣམ་པའི་ཁ་ཏ་བསླབ་བྱར་མི་ཉན་པར། རང་སྣང་གང་ཤར་དུ་ཁ་ལོག་ཚིག་ལོག་རྒྱག་པར་བག་མི་ཚ་བར་སྣང་། 


ང་རང་ཉིད་ཀྱི་ཕ་མ་གཉིས་ལ་མཚོན་ནའང་། དུས་རྒྱུན་དུ་ལོ་གཞོན་ཚོས་ཅི་ཡིས་ཀྱང་མི་ཚེའི་དགའ་སྡུག་གི་ཉམས་མྱོང་གསོག་དགོས་ལ། ཐ་ན་ཉམས་མྱོང་གི་སླད་དུ་བློས་གཏོང་ཡང་ཐུབ་དགོས་ཞེས་གསུངས་པར། ངས་ནམ་ཞར་དུ་ལོ་གཞོན་ཚོས་ཅིས་ཀྱང་མི་ཚེའི་དགའ་སྡུག་གི་ཉམས་མྱོང་གསོག་དགོས་དོན་མེད་ལ། དེ་ཡི་སླད་དུ་བློས་གཏོང་ཡང་བྱེད་དགོས་དོན་མེད་སྙམ་ཞེས་ཡ་ལན་སློག་གིན་ཡོད།


ལོ་ན་གཞོན་དུས། ང་ཚོས་ངོ་ལོག་བློ་ལོག་གི་ཟློས་གར་སྣ་ཚོགས་འཁྲབ་ནས་འོངས། ཡིན་ནའང་། ང་ཚོ་མི་ཚེ་འཁོར་བའི་སྐྱིད་སྡུག་གང་ལ་འཕྲད་ཀྱང་རང་གི་ཕ་མ་དང་གནའ་མི་དག་གི་ཁ་ཏ་བསླབ་བྱ་དེ་དག་དྲན་པའི་ཡུལ་ནས་བརྗེད་ཐབས་མེད་པར་འགྱུར། 


རིམ་གྱིས་ནར་གསོན་པ་དང་བསྟུན་ནས། ང་ཚོས་ད་གཟོད་ཉམས་མྱོང་རྒན་པོའི་བསླབ་བྱ་དང་དུ་བླངས་ནས། རང་རང་གི་འཚོ་བའི་ལམ་ཡིག་ཏུ་སྤྱོད་ཅིང་། འདི་ནི་ང་རང་ཉིད་ཀྱི་ལྟ་ཚུལ་མྱོང་བ་དང་ཡང་ཀུན་ནས་མཐུན་པས་ན་ཁྱེད་ཅག་ཀུན་ལ་ཕན་པར་སྨོན། 


དེ་ལྟ་ནའང་། བདག་གི་ལྟ་ཚུལ་ལམ་མྱོང་བ་འདི་ལ་སུན་འབྱིན་དགག་སྒྲུབ་གནང་མཁན་དང་། ཡིད་འཐད་མོས་མཐུན་མེད་མཁན་ཡང་ཡོད་ངེས་མོད། འོན་ཀྱང་མ་འོངས་པར་ཁྱེད་རང་མི་ཚེའི་བྱ་གཞག་གི་འགོག་རྐྱེན་བར་ཆད་གང་རུང་ལ་འཕྲད་དུས། ཁྱེད་ལ་ངེས་པར་དུ་བླངས་དོར་འཇུག་ལྡོག་གི་ཐབས་རྩལ་དང་ཤེས་རབ་རིན་ཐང་བྲལ་བ་རེ་ཅི་ཡིས་ཀྱང་དགོས་ངེས། 


ང་རང་གི་ལྟ་ཚུལ་འདི་དག་ཚེ་རབས་འདིའི་དཀའ་ཁག་དང་། དེ་ལས་བྱུང་བའི་བསམ་གཞིག དེ་དང་འབྲེལ་བའི་བྱ་གཞག་ལག་ལེན་ཁྲོད་ནས་ད་གཟོད་ངེས་ཤེས་རྙེད་ཅིང་རང་རྒྱུད་དུ་འབྱོར་བ་འབའ་ཞིག་ཡིན་ལ། དུས་ཀྱི་སྔ་ཕྱི་ཙམ་མ་གཏོགས་ཁྱེད་ཀྱིས་ཀྱང་བདག་གི་མི་ཚེ་སྐྱིད་སྡུག་གི་མྱོང་བ་དང་མཐའ་འབྲས་གཅིག་མཚུངས་ཤིག་ཉམས་སུ་ལེན་ངེས་པར་ང་ལ་ཡིད་ཆེས་གཙང་མ་ཡོད། 

 

སྨྲས་པ།ང་ཚོས་རང་རྟེན་ངང་མི་ཚེའི་མདུན་ལམ་སྙེག་པ་ནི། ང་ཚོས་འབྱམས་ཀླས་པའི་རྒྱ་མཚོར་རྐྱལ་གྲུ་གཏོང་བ་དང་འདྲའོ།།

ངོ་སྤྲོད་སྙིང་བསྡུས། 

ཁ་ཙུ་ཨོ.ཨེ་ན་མོ་རེ་(Kazuo Inamori 1932 - 2022) ཉི་ཧོང་རྒྱལ་ཁབ་ཀྱི་ཕྱུག་བདག རྒྱལ་སྤྱིའི་ཁེ་ལས་སྤྱི་གཉེར་ཁང་(Kyocera) དང་(KDDI)གསར་འཛུགས་གནང་མཁན། བསམ་བློ་བ། འགྲོ་མིའི་བྱམས་བརྩེ་དོན་གཉེར་དར་སྤེལ་གཏོང་མཁན་ནང་བསྟན་གྱི་རྗེས་འཇུག་པ་གྲགས་ཅན་ཞིག་རེད། བརྩམས་ཆོས་གཙོ་བོར། <<འདོད་འཇོའི་ལམ་སྟོན་>> (A Compass to Fulfillment)སོགས་འབོལ་རྩོམ་དང་དཔྱད་རྩོམ་འབོར་ཆེན་འདུག



No comments:

Post a Comment

Adbox