ངས་མི་ཞིག་གནམ་ས་འདྲེས་མཚམས་སུ་རྒྱུག་གིན་པ་མཐོང་བྱུང་།
『རྩོམ་མཁན་ཁི་རན། སྒྱུར་མཁན་ན་བུན།』
ངས་མི་ཞིག་མཐོང་བྱུང་། ཁོས་གནམ་ས་འདྲེས་མཚམས་སུ་རྒྱུག་ཤར་གློད་ཀྱིན་འདུག
ཡང་ནས་བསྐྱར་དུ་ཁོ་སྐོར་རྒྱུག་བྱས་པས།
ང་ལ་སུན་སྣང་བཟོས་སོང་།
ངས་མི་དེར་འཚམ་འདྲི་ཞིག་བྱས་ནས།
“སྙིང་བོ་འདུག་གམ།” དྲིས་པར།
“ཁྱོས་དེ་ཙམ་ཡང་མི་ནུས་སོ།།”
“ཁྱོས་རྫུན་སྨྲས་སོང་” ཞེས་བཤད་ཞོར།
ཁོས་མུ་མཐུད་དུ་རྒྱུག་ཤར་གློད་སོང་།
རྒྱབ་ལྗོངས་སྙིང་བསྡུས།
སྙན་རྩོམ་འདི་ཡིད་བརྙན་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་ནས། “འཚོལ་སྙེག་ལ་དམིགས་འབེན་མེད་ན། སྟོང་དབྱིངས་ན་བྲག་རྡོ་དབེན་”ཞེས་པ་ལྟར། དབང་སྲིད་ཀྱི་གཉའ་ཤིང་འོག་ཏུ་ཡིད་མི་ཞུམ་རུས་མི་ཆག་པར། རང་དབང་གི་བློ་གཤོག་བརྐྱངས་ནས། རང་ཉིད་ཀྱི་བསམ་གཞིག་གི་རང་ཚུགས་ལ་འཇུག་ཅིང་བརྩོན་པར་གདམས།
བྱེ་གསེང་ནས།
བྱེ་གསེང་ནས།
ངས་སྲོག་ཆགས་ཤིག་མཐོང་། གཅེར་བུར། གདུག་རྩུབ་ཀྱིས།
ཁོ་ས་ལ་ཙོག་སྟེ།
རང་གི་སྙིང་ལག་པར་བཟུང་ནས།
ཟས་སོང་།
ངས། “གྲོགས་པོ། ཞིམ་པོ་འདུག་གམ་” ཞེས་དྲིས།
ལན་དུ་ཁོས། “ཁ་མོ་འདུག ཁ་མོ་འདུག་” ཅེས་སྨྲས་པ།
“ཡིན་ཀྱང་། ང་འདི་ལ་དགའ་བོ་ཡོད།
འདི་ཁ་མོ་ཡིན་པས་དང་།
འདི་ང་ཡི་སྙིང་ཡིན་པས་སོ།།”
རྒྱབ་ལྗོངས་སྙིང་བསྡུས།
སྙན་རྩོམ་འདི་ཡིད་གཟུགས་དང་མཚོན་རྟགས་ལུགས་ཀྱི་འབྲི་ཐབས་ཟུང་དུ་སྦྲེལ་ནས། མྱིའི་གཤིས་དང་རྒྱུད་ཀྱི་སྨྱོ་ཧམ་རང་བཞིན་དེས་ནི། ནམ་ཉི་མ་ཞིག་ལ་མྱི་རང་ཉིད་འཕུང་བའི་བགེགས་དང་རྐྱེན་དུ་འགྱུར་བར་གདམས།
༼ 1
I saw a man pursuing the horizon
by Stephen Crane
I saw a man pursuing the horizon;
Round and round they sped.
I was disturbed at this;
I accosted the man.
"It is futile," I said,
"You can never—"
"You lie," he cried,
And ran on.
༼ 2
In the desert
by Stephen Crane
In the desert
I saw a creature, naked, bestial,
Who, squatting upon the ground,
Held his heart in his hands,
And ate of it.
I said, “Is it good, friend?”
“It is bitter—bitter,” he answered;
“But I like it
“Because it is bitter,
“And because it is my heart.”
རྩོམ་པ་པོའི་ལོ་རྒྱུས་སྙིང་བསྡུས།
སི་ཊེ་ཧྥིན་ཁི་རན་(Stephen Crane 1871-1900)ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་འཚར་ལོངས་བྱུང་། སྤུན་མཆེད་བཅུ་བཞིའི་གྲས་ཀྱི་ཐ་ཆུང་བ་ཡིན་ཞིང་། ལོ་ན་ཕྲ་སྐབས་ནས་ཡུལ་དུས་ཀྱི་དམག་འཁྲུག་དང་ཁྱིམ་ཚང་གི་གོད་ཆག་ཁྲོད་ལུས་སེམས་གཉིས་ཀྱི་དཀའ་སྡུག་ཚད་མེད་མྱངས། དེར་མ་ཟད། བདག་མེད་འབྱོར་མེད་ཀྱི་འཚོ་གནས་ཐེབས་ཆག་ཅིག་ནས། ལྷན་སྐྱེས་ཀྱི་མོས་ཕྱོགས་དང་བསྟུན་ནས། གོམ་པ་རིམ་སྤོས་ཀྱིས་སྒྱུ་རྩལ་རྩོམ་རིག་གི་ལམ་དུ་ཞུགས་ཤིང་། རང་ལོ་༢༠ སྟེང་ནས་སྙན་ངག་དང་རྟོག་སྒྲུང་གསར་རྩོམ་གནང་སྟེ་མིང་དུ་གྲགས། སྔ་རྗེས་སུ་སྤྱི་ཚོགས་དཔྱད་རྩོམ་དང་གཡུལ་སའི་གསར་འགོད། རི་མོ་འབྲི་སྦྱོང་གི་ཕྱག་ལས་གནང་།
No comments:
Post a Comment