འཕུར་ལྡིང་རྩེན་པའི་ལོ་མ་ཞིག I འོས་སྦྱོར།

འཕུར་ལྡིང་རྩེན་པའི་ལོ་མ་ཞིག  


རླུང་བུ་གཡུག་ཐེངས་ཤིག་གིས། ལོ་མ་ཞིག་ཡལ་ག་དང་བྲལ་ནས་མཁའ་རུ་རྩེན།  

ལོ་མ་འཕུར་ཞོར་དུ། ང་རང་འཕུར་ཐུབ་སོང་། ང་རང་འཕུར་ཐུབ་སོང་། ང་རང་གནམ་ལ་འཕུར་ཐུབ་སོང་།  ཞེས་སྐད་ཅོར་བརྒྱབ། 


ལོ་མ་དེ་སྡོང་པོ་རེ་རེའི་སྟེང་ནས་འཕུར་ཞིང་། གློག་སྐུད་སྟེང་དུ་གཤོག་ངལ་གསོ་བའི་བྱེའུ་ཆུང་རེ་རེའི་མགོ་ཐོག་ནས་འཕུར། 

ཧ་ཧ།  ང་རང་ཁྱོད་ཚོ་ལས་ཀྱང་འཕུར་བ་མཐོ།  ཞེས་ལོ་མས་རྒྱལ་ཁའི་ངང་ནས་བྱེའུ་ཆུང་ལ་དེ་སྐད་སྨོས་སོ།། 


སླར་ཡང་རླུང་བུ་གཡུག་ཐེངས་ཤིག་གིས། ལོ་མ་དེ་མཁའ་དབྱངས་ནས་ལྡིང་སྐོར་འགའ་བརྒྱབ་རྗེས་ཆུ་རྫིང་ཆུང་ཆུང་ཞིག་ཏུ་ལྷུང་ལ། དེ་ནས་བ་གླང་ཞིག་གིས་འགྲོ་ཞོར་དུ་ལོ་མ་དེ་འདམ་ནང་དུ་བརྫིས་ཏེ་མི་མཐོང་བར་བྱས་སོང་། 


བྱ་ཞིག་གིས་དངན་པ་འཐེན་གྱིན་རང་གི་བྱེའུ་ཕྲུག་ལ་སྨྲས་པ། མཐོང་སོང་ངམ། རང་གི་ནུས་པར་མ་བརྟེན་པ་ཡིན་ན། རླུང་གིས་ཁྱོད་རང་མཁའ་རུ་སྤུར་ཐུབ་ལ་འདམ་དུའང་འཕེན་ཐུབ་པས། འཕུར་འདོད་ན་ངེས་པར་དུ་རང་གི་ནུས་པར་བརྟེན་དགོས། ཞེས་ཁ་ཏ་བྱས། 


______སྒྱུར་མཁན་སྒྲོལ་དཀར་ཚེ་རིང་།



一片飞翔的叶子


______邹海鹏


一阵风吹来,一片叶子脱离树枝,飞向了天空.
我会飞了,我会飞了.”叶子边飞边喊,“我要飞上天了!”
叶子飞呀飞,飞过来一棵棵树,飞过了一只只栖息在电线上的鸟.
哈哈,我飞的比你们高.”叶子得意洋洋地对鸟儿说.
又一阵风吹过,叶子在天空中打了几个转,被吹落到一个小水坑里,随即被路过的一头牛踩进了淤泥里,不见了踪影.
一只鸟感叹地对它的孩子说:看到了吧,如果不依靠自己的力量,风既可以把你吹上天,也可以把你吹进烂泥潭.要飞翔,必须靠自身的力量
.”



No comments:

Post a Comment

Adbox