གཡང་གི་གླག་མོ་དང་གཞན་དག I གསར།

གཡང་གི་གླག་མོ།

རྩོམ་མཁན་ཊི་རན་སི་ཊོ་མེར། སྒྱུར་མཁན་ན་བུན།

ཤེལ་གྱི་ཆུ་རྫིང་ཞིག་གི་ལྟག་གར།

ལྐོག་གྱུར་གྱི་རྒྱུ་བ་དག  

འགུལ་མ་སོང་།


བུད་མེད་ཅིག ཁ་རོག་གེར།

ཐག་རྡིང་སྟེང་དུ་ཤམ་ལྭ་དཔྱང་བཞིན།

འཆི་བ་གཅིག་པུར། ཁུ་སིམ་སིམ་བྱེད་ཅིང་།


ས་འོག་ཏུ།

བདག་གི་བླ་དང་སྲོག

དུ་བ་མཇུག་རིང་ནང་བཞིན།

ཤུད་ནས་འགྲོ།



མིང་མེད། 

རྩོམ་མཁན་ཊི་རན་སི་ཊོ་མེར། སྒྱུར་མཁན་ན་བུན།


ཉིན་དཀར་གྱི་ལག་པས། 

སྨུག་སྤྲིན་གསུམ་དང་ཐ་སྙད་ཁ་ཤས།

གཅེར་བུར་ཕུད་སོང་།


ཟུར་མཆན།

༼གནའ་བོའི་ཉི་ཧོང་གི་སྲོལ་རྒྱུན་སྙན་ངག་རྐང་གསུམ་མ་འབྲི་སྲོལ། འདི་ལ་བསྡུས་བརྗོད་ཀྱི་རྩོམ་ཐབས་སྤྱད་ནས། ཚིག་རྐང་གསུམ་དང་ཚེག་ཁྱིམ་བཅུ་བདུན། ཡང་ན། ཚིག་རྐང་དང་པོ་དང་གསུམ་པར་ཚེག་ཁྱིམ་ལྔ་རེ་དང་། ཚིག་རྐང་གཉིས་པར་ཚེག་ཁྱིམ་བདུན་གྱིས་གྲུབ་པར་བྱེད།  - Haiku poetry 


འབྲེལ་ཐག་འདི་ནས་རྩོམ་པ་པོའི་ལོ་རྒྱས་ཀློག་ཐུབ། 



No comments:

Post a Comment

Adbox