སྒྱུ་རྩལ་ནི་མཛེས་རྩལ་གསར་རྩོམ་གྱི་ཉིང་ཁུ་ཡིན། I གསར་རྙིང་།

  

『ཕུང་པོ་གཉིས།』


རྩོམ་མཁན་ཕཱ་ཙི། སྒྱུར་མཁན་ན་བུན།


ཕུང་པོ་གཉིས། གདོང་དང་གདོང་ཐུག་དུས།

རླབས་རྒྱུན་གཉིས་དང་།

མཚན་མོ་ནི་རྒྱ་མཚོ་ཞིག་རེད།


ཕུང་པོ་གཉིས། གདོང་དང་གདོང་འཕྲད་སྐབས།

རྡོ་བ་གཉིས་དང་།

མཚན་མོ་ནི་མྱ་ངམ་ཐང་ཞིག་རེད།


ཕུང་པོ་གཉིས། གདོང་དང་གདོང་ཐུག་དུས།

རྩད་པ་གཉིས།

མཚན་མོར་སྒྲོག


ཕུང་པོ་གཉིས། གདོང་དང་གདོང་འཕྲད་སྐབས།

རལ་གྲི་གཉིས་དང་།

མཚན་མོ་གཙུབ་པའི་མེ་སྟག་མཆེད།


ཕུང་པོ་གཉིས། གདོང་དང་གདོང་ཐུག་དུས།

རྒྱུ་སྐར་གཉིས།

ནམ་མཁའ་གཅེར་བུར་ལྟུང་གིན་འདུག



༡༽ སྒྱུ་རྩལ་ནི། མཛེས་རྩལ་གསར་རྩོམ་གྱི་ཉིང་ཁུ་ཞིག་ཡིན་ལ། དེ་ལས་མཚན་ཉིད་གསར་རྩོམ་གྱི་ཉིང་ཁུ་ཡང་འབྱུང་ངོ་།། ཡིན་ནའང་། ང་ཚོས་སྒྱུ་རྩལ་དུ་འབོད་པ་གང་དེ་ནི་རྩེད་འཇོ་འབའ་ཞིག་ལས་མ་འདས་སོ།།


༢༽ དེང་དུས་ཀྱི་མྱིས་ནི། རང་ཉིད་ཀྱི་བསམ་གཞིག་གདོད་ནས་རྟོགས་སད་དུ་རྫུ་བར་བྲོད་འདུག འོན་ཀྱང་རྟོགས་སད་ཀྱི་བསམ་གཞིག་གང་དེས་ནི་ནམ་ཞར་འུ་ཅག་འཇིགས་རུང་དྲན་འཁྲུལ་གྱི་ཀློང་དུ་བརྫངས་ནས།  གནས་ལུགས་ཀྱི་མེ་ལོང་ནང་དུ་ཡང་ནས་བསྐྱུར་དུ་མནར་གཅོད་ཟམ་མི་ཆད་པར་གཏོང་ངོ་།།


༣༽ སྙན་ངག་ཅིག་ཀློག་པ་ནི། འུ་ཅག་གི་མིག་གིས་སྙན་ངག་ཐོས་ཤིང་། འུ་ཅིག་གི་རྣ་བས་སྙན་ངག་མཐོང་བའི་ཕྱིར་དུའོ།། 


༤༽ ཁྱེད་ལའང་གསལ་ཏེ། དེང་གི་རྩོམ་མཁན་ཚང་མ་ནུབ་གླིང་སྤྱི་ཚོགས་ཀྱི་སློང་མོ་བ་རྐྱང་ངོ་།། 


______ཕཱ་ཙི། 


འབྲེལ་ཐག་འདི་བརྒྱུད་ནས་སྐད་ཡིག་གཞན་པའི་ནང་ཀློག་ཐུབ།



No comments:

Post a Comment

Adbox