སྨྲེང་བའི་ན་བུན།
ན་བུན།
ཉིན་ཐོ།
རྩྭ་ཐང་སྟེང་ནས་གཡང་དཀར་ལ་ཉིན་ཐོ་བྲིས།།
རྫ་ལམ་དེད་ནས་འབྲོང་མོ་ལ་ཉིན་ཐོ་བྲིས།།
རྒྱལ་ཁམས་འགྲིམ་ནས་མི་ཡུལ་ལ་ཉིན་ཐོ་བྲིས།།
འཁྱམ་ཉུལ་བར་ནས་མི་ཚེ་ལ་ཉིན་ཐོ་བྲིས།།
ཕྱིར་མིག
འཁྱག་རླུང་ཁྲོད་ནས་ཉི་འོད་ལ་ཕྱིར་མིག་ཤོར།།
མགྲོན་ཁང་ནང་ནས་སྦྲ་ནག་ལ་ཕྱིར་མིག་ཤོར།།
མུན་ནག་ཁམས་ནས་མེ་ཕུང་ལ་ཕྱིར་མིག་ཤོར།།
དྲན་གདུང་གསེང་ནས་ཁྱེད་རང་ལ་ཕྱིར་མིག་ཤོར།།
༢༠༢༡ /
No comments:
Post a Comment