ཟླ་བ་བཞི་པ་བདུན།
རྩོམ་མཁན་ཁྲོན་ཀོ་ཅོན་ཐཱེ་ལིང་། སྒྱུར་མཁན་བོང་སྟག་ལྷག་ག།
ཟླ་བཞི་པར་ང་རང་སློབ་གྲྭར་བུད་སོང་།
ཟླ་བཞི་པར་མེ་ཏོག་ཅི་ཞིག་བཞད་ཡོད་པ་ངས་མ་ཤེས།
ཟླ་བཞི་པར་ངས་སྨད་གཡོགས་ཐུང་ཐུང་ཐུང་ཐུང་ཞིག་གྱོན་ཏེ།
སློབ་གྲྭར་བུད་སོང་།
ཟླ་བཞི་པར་ང་རང་གཡོག་མོར་མངགས་སོང་།
ཟླ་བཞི་པར་མེ་ཏོག་ཅི་ཞིག་བཞད་ཡོད་པ་ངས་མ་ཤེས།
ལྟོ་ཕུད་ཉུང་ཙམ་སྡུད་གསོག་བརྒྱབ་རྗེས།
ཟླ་བཞི་པར་ང་རང་གཡོགམོར་མངགས་བྱུང་།
ཟླ་བཞི་པར་གཞན་གྱིས་ང་ལ་གཉེན་བསླངས་བྱུང་།
ཟླ་བཞི་པར་མེ་ཏོག་ཅི་ཞིག་བཞད་ཡོད་པ་ངས་མ་ཤེས།
ཟླ་བཞི་པར་གཞན་གྱིས་ང་ལ་གཉེན་བསླངས་བྱུང་།
ང་ལ་ཁོང་འཛུམ་ཞིག་ལངས་བྱུང་།
ཟླ་བཞི་པར་ང་རང་ཨ་མ་ཞིག་ཏུ་གྱུར་སོང་།
ཟླ་བཞི་པར་མེ་ཏོག་ཅི་ཞིག་བཞད་ཡོད་པ་ངས་མ་ཤེས།
ཟླ་བཞི་པར་ང་རང་ཨ་མ་ཞིག་ཏུ་གྱུར་སོང་།
བུ་ཕྲུག་གི་སྐྱེ་འབྲས་མཚར་ཨང་།
ཟླ་བཞི་པར་ང་རང་ཡུགས་སར་ལུས་སོང་།
ཟླ་བཞི་པར་མེ་ཏོག་ཅི་ཞིག་བཞད་ཡོད་པ་ངས་མ་ཤེས།
ཟླ་བཞི་པར་ང་རང་ཡུགས་སར་ལུས་པས།
ངའི་བྱད་གཟུགས་རྒས་གཉེར་གྱིས་ཁེབས་སོང་།
ཟླ་བཞི་པར་ང་ལ་ཚ་བོ་དྲུག་ཡོད།
ཟླ་བཞི་པར་མེ་ཏོག་ཅི་ཞིག་བཞད་ཡོད་པ་ངས་མ་ཤེས།
ཟླ་བཞི་པར་ང་ལ་ཚ་བོ་དྲུག་ཡོད།
ད་དུང་ཁྱི་གུ་དྲུག་ཀྱང་ཁ་སྣོན་བྱས་བྱུང་།
ཟླ་བཞི་པར་ང་རང་གཞི་ནས་ཚེ་ལས་འདས་སོང་།
ཟླ་བཞི་པར་མེ་ཏོག་ཅི་ཞིག་བཞད་ཡོད་པ་ངས་མ་ཤེས།
མེ་ཏོག་ཅི་ཞིག་བཞད་ཡོད་པ་ངས་མ་ཤེས།
ཟླ་བཞི་པར་ང་རང་གཞི་ནས་ཚེ་ལས་འདས་སོང་།
ངས་དཀོན་མཆོག་གི་མདུན་ནས་ཐུར་དུ་བལྟས་ཚེ།
འཇིག་རྟེན་ལ་མེ་ཏོག་ཡུང་ཧྭ་རྣམ་པར་བཞད་ཀྱིན་འདུག
No comments:
Post a Comment