རྩོམ་མཁན་ཕོན་ཌི། ལོ་ཙཱ་བ་ན་བུན།
ས་འོག་མེ་འཁོར་འབབ་ཚིགས་ཤིག་ཏུ།
མི་ཚོགས་ཁྲོད་ཀྱི་ངོ་གདོང་འདི་དག་གི་སྣང་བརྙན།
གཞའ་ཚན་དང་མུན་མདོག་གི་ཡལ་འདབ་ཅིག
In a Station of the Metro
The apparition of these faces in the crowd:
Petals on a wet, black bough.
རྒྱབ་ལྗོངས་སྙིང་བསྡུས།
ནུབ་གླིང་གི་རྩོམ་རིག་དཔྱད་བརྗོད་ལྟར་ན། <<ས་འོག་མེ་འཁོར་འབབ་ཚིགས་ཤིག་ཏུ་>>ཞེས་པའི་ལྷུ་ལག་ཚན་པ་གཉིས་ཀྱིས་གྲུབ་པའི་སྙན་ཐུང་འདི་ནི། ཕོན་ཌིའི་ཡིད་བརྙན་རིང་ལུགས་ཀྱི་གཤིས་སུ་ལྟ་ཞིང་།
ཕོན་ཌི་དང་ཕོན་ཌིའི་རྗེས་མཇུག་སྟེ་ཡིད་བརྙན་རིང་ལུགས་ཀྱི་སྙན་ངག་པ་མང་མང་གིས། སྙན་ཚིག་འདི་ནི་ཟུག་མེད་འཁུན་སྒྲ་ལ་ཚིག་གི་མདུང་རྩེ་གཏད་པའི་བསམ་བློ་དྭངས་མ་ཞིག་གམ་འདུ་ཤེས་གཤའ་མ་ཞིག་ཏུ་ཡང་བཞེད།
གང་ལྟར་ལྷུ་ལག་ཚན་པ་གཉིས་ལས་མེད་པའི་སྙན་ཐུང་འདིའི་ནང་དུ།
ཕོན་ཌིས། / ས་འོག་མེ་འཁོར་འབབ་ཚིགས་ཏུ / འུར་ཟིང་ཀློང་གི་ངོ་གདོང་མང་པོ་ཆུ་རིས་ཁྲོམ་ཁྲོམ་གྱི་ནེམ་ལོ་/ དང་མཚུངས་བསྡུར་གྱིས། སྐད་ཅིག་གི་འགྱུ་བག་རང་བཞིན་གྱི་བརྗོད་སྙིང་དེ་སྐད་ཅིག་གི་ཡིད་བརྙན་དུ་བཀོད་དེ།
ནམ་དུས་འགྱུར་ལྡོག་སྣེ་ཡི་རྩྭ་ལྗང་མེ་ཏོག་གི་སྐྱེ་རྙིད་ནི་རང་བྱུང་ཆོས་ཉིད་ཡིན་པ་ནང་བཞིན། འགྲོ་བ་མི་དང་མིའི་རང་བཞིན་ཡང་ནི་ཚོར་མེད་གཟུར་མེད་ངང་འགྱུར་ཅིང་འགྱུར་བའི་རང་བཞིན་དུ་བསྟན་ལ།
མེ་འཁོར་དང་མི་ཚོགས་ཀྱི་འགུལ་སྐྱོམ་སྔོན་གྱི་སྐད་ཅིག་གི་སྣང་གནས་དངོས་དེ་སྐད་ཅིག་གི་ཡིད་བརྙན་དུ་ཕབ་པ་ནི་སྙན་ཐུང་འདིའི་སྲོག་དང་བཅུད་དུ་སྨྲ།
ལར་ཕོན་ཌིའི་<སྙན་ངག་གི་ཚོམ་>Cantos)གྱི་ཉིང་བཅུད་གཙོ་བོ་ཡིད་བརྙན་རིང་ལུགས་ཀྱི་རྩོམ་ཐབས་ལ་བརྟེན་ནས་འཇིག་རྟེན་སྣོད་བཅུད་ཀྱི་སྣང་གནས་དངོས་འབྲི་བཞེང་བྱ་རྒྱུ་དེའོ་ཞེས་དང་།
ཕོན་ཌིས་ཚེ་གང་བོར་ལོ་རྒྱུས་རིག་གཞུང་དང་སྲིད་དོན་དཔལ་འབྱོར་གྱི་སྣང་གནས་དངོས་བརྗོད་སྙིང་དུ་བཟུང་ནས།
ཐུན་མིན་གྱི་སྙན་ངག་གི་ཚོམ་མི་འདྲ་བ་༼མང་ཤོས་ལྷུག་མའི་ཁོངས་སུ་གཏོགས།༽བརྒྱ་ཕྲག་མང་པོ་གསར་རྩོམ་གནང་བ་དང་།
གསར་རྩོམ་གྱི་གོ་རིམ་ཁྲོད་དུ་ཁོང་གིས་འཛམ་གླིང་ཤར་ནུབ་ཀྱི་རིག་གཞུང་མི་འདྲ་བའི་ཆ་དང་བསམ་བློ་མི་འདྲ་བའི་ཆ།
དེའི་འབྲེལ་འདྲིས་རང་བཞིན་གྱི་ཆ་དང་བཅས་པ་སྟོན་པར་གཞོལ་བ་དང་། ཡང་སྒོས་ཕོན་ཌིའི་ཡིད་བརྙན་རིང་ལུགས་ཀྱི་སྙན་ཐུང་མང་ཤོས་གནའ་བོ་ཉི་ཧོང་གི་བཅད་མ་ཧེ་ཁུ་(haiku)
ལུགས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་སྐད།
འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཧྥ་ཤི་སི་རིང་ལུགས་ལ་གཞོགས་སྐྱོར་དྲིལ་སྒྲོག་གི་གསར་འགྱུར་ལས་རིགས་སུ་ཞུགས་པའི་རྐྱེན་གྱིས།
ཕྱི་ལོ་༡༩༥༨ བར་འཇུ་བཟུང་བཀག་ཉར་ཐེབས་རྗེས། ཁོང་གིས་སྙན་ངག་གི་ཚོམ་དང་དེའི་བརྗོད་སྙིང་ཁག་རྒྱུན་སྐྱོང་མངོན་འགྱུར་མ་ཐུབ་ཅེས་ཀྱང་བཞེད།
འབྲེལ་ཐག་འདི་བརྒྱུད་ནས་རྩོམ་པ་པོའི་འབྲེལ་ཡོད་སྙན་རྩོམ་ཀློག་ཐུབ།
No comments:
Post a Comment