དུས་ཀྱི་ཕྱི་ནང་། In and Out of Time


『 རྩོམ་མཁན་མ་ཡ་ཨན་གྷི་ལཱོ། ལོ་ཙཱ་བ་ན་བུན། 』

ཉི་འོད་འཚེར། ན་བུན་དྭངས།

ང་ཚོ་རྒྱ་རིང་ཕ་ཡུལ་ལ་ལོག་པའི་རི་ལམ་མཐོང་།

ཕ་ཡུལ། ང་ནམ་ཡང་ཁྱེད་ལ་དབང་།

ཕ་ཡུལ། ཁྱོད་ནམ་ཡང་ང་ལ་དབང་།

དུས་ཀྱི་ཕྱི་ནང་ནས། འུ་གཉིས་ཕན་ཚུན་ལ་དུངས།

རྡོ་བ་ཐོག་མ། དྲག་ཏུ་འབར་བའི་ཉི་མར་གཟིགས།

ལྗོན་པ་ཐོག་མ། ཤིང་ནགས་མཐིལ་དུ་ཤེད་ཀྱིས་འཕགས།

སྔར་བས། ང་ཁྱོད་ལ་དུངས།

ཁྱེད་ཀྱིས། རང་ཉིད་ཀྱི་འཆིང་སྒྲོག་བཀྲོལ་ཏེ།

ལྗང་ལོར། བསིལ་རླུང་ལྡང་དུ་བཅུག

དེ་ནི་གཡུ་སྦྲང་གི་གཤོག་སྒྲ་འདྲ་བྱུང་།

ང་རང་། གཡུ་སྦྲང་གི་མངའ་ཐང་དུ་སླེབས་སོང་།

ཀྱེ་ཀྱེ་་་། བདག་ནི་ཁྱོད་ཀྱི་ལྗང་ལོར་ཇི་འདྲ་དུངས་ཨང་། 

ཁྱོད་ཀྱིས། བདག་གི་དུས་དང་བབ་ཀྱི་མནར་གཅོད་དང་།

ཕམ་ཁ། རྨ་ཁ། བར་ཆད་མཐོང་།

དངངས་སྐྲག རྨི་ལམ་བསྒྱུར་ཆེད།

བདག་གིས་དག་ཞིང་ལ་འབོད་པ་བཏང་། སྐད་གསང་མཐོན་པོས་འབོད་པ་བཏང་།

ཉི་འོད་འཚེར། མུན་པ་སངས།

ང་ཚོ། རྒྱ་རིང་ཕ་ཡུལ་ལ་ལོག་པའི་རི་ལམ་མཐོང་།

ཕ་ཡུལ། ང་ནམ་ཡང་ཁྱེད་ལ་དབང་།

ཕ་ཡུལ། ཁྱོད་ནམ་ཡང་ང་ལ་དབང་།

དུས་ཀྱི་ཕྱི་ནང་ནས། འུ་གཉིས་ཕན་ཚུན་ལ་དུངས།

ཕྱི་དང་ནང་།

དུས་ཀྱི་ཕྱི་ནང་།


No comments:

Post a Comment

Adbox