『རྩོམ་མཁན་ཐེ་ཀོར། ལོ་ཙཱ་བ་ན་བུན།』
མི་ནི་འུར་ཟིང་ཀློང་གི་འཚང་ཁར་ཡན་ཚེ།
རང་གི་ལྷིང་འཇགས་ཀྱི་ཆོ་ངེ་ལྡབ་ལྡིབ་ཏུ་བྱིངས་འགྲོ།
ཚེ་སྲོག་གི་སྐྱེས་འཕེལ་ལ་ཉམས་པ་མེད་ཀྱང་།
ཁོ་རང་ཚད་མེད་དུ་འཆི་ཡང་སྲིད།
མི་ཚེ་ནི་གསར་གཏོད་ཀྱི་འདུ་ཤེས་རིགས་ཤིག་སྟེ།
འགྱུར་ལྡོག་གི་གོ་རིམ་ཁྲོད་ནས།
ད་གཟོད་རང་ཉིད་རྙེད་ཐུབ།
མིའི་རྟག་བརྟན་གྱི་བདེ་སྐྱིད་ནི།
ཆོས་ཇི་སྙེད་ཅིག་ལས་ཐོབ་པ་མ་ཡིན་གྲང་།
རང་ཉིད་རང་ཉིད་ལས་རླབས་པོ་ཆེ་གང་གི་སླད་དུ་བསྟབས་ཤིང་།
རང་ནི་རང་ཉིད་ཀྱི་ཚེ་སྲོག་ལས་ཆེས་རླབས་ཆེ་བའི་འདུ་ཤེས་དེ།
མེས་རྒྱལ་དང་།
དཀོན་མཆོག
མིའི་རིགས་ཀྱི་འདུ་ཤེས་དང་བསྟབ་མིན་དེའོ།
སྙན་ངག་གི་དུངས་ཀ།
བརྩེ་བས། རང་ལ་མཛེས་རྒྱན་སྤྲས་ཏེ།
ཕྱི་ཚུལ་གྱི་མཛེས་ཉམས་ལས། རང་སེམས་དགའ་བྲོད་ཀྱི་དཔང་བོ་འཚོལ།
བརྩེ་དུང་གིས། ཁེ་དབང་ཅི་ཡང་མི་གླེང་བར།
རང་དབང་ཞིག་བསྟབས་འོངས།
བརྩེ་དུང་ནི་འགྲེལ་མི་ནུས་པའི་ཆོས་ཉིད་ཀྱི་གོ་རིམ་ལ།
དཔག་མི་ཚར་བའི་སྒྱུ་འཕྲུལ་གྱི་ཟློས་གར་ཞིག
བརྩེ་དུང་གི་སྐྱེས་ཕུལ་ནི། ནམ་ཡང་སྩོལ་མི་ཐུབ་པར།
འཁྲེང་ཞེན་དང་། རེ་སྒུག་ཞིག་གོ
།
སྙན་ངག་གི་དུས་རིམ།
ཕྱེ་མ་ལེབ་ཀྱིས་དུས་སྐད་ཅིག་ཙམ་ལས།
ལོ་ཟླའི་འཁོར་འགྲོས་མི་བགྲང་།
དུས་ཚོད་ནི་འགྱུར་ལྡོག་གི་ཐོན་ཁུངས་ལགས་ཀྱང་།
ཁྲེལ་རྒོད་ཀློང་གི་དུས་ཚོད་ཀྱིས།
འགྱུར་ལྡོག་ཁོ་ན་ལས། སྟོབས་འབྱོར་ཅི་ཡང་མི་བསྐྲུན།
དུས་ཀྱི་གྲུ་ཟུར་རེ་ནས། ཁྱེད་ཀྱིས་རང་གི་མི་ཚེར་བྲོ་གར་འཁྲབ་ཏུ་འཇུག་པ་ནི།
ལོ་མའི་ཟོམ་གྱི་ཟིལ་ཐིགས་འདྲ།
No comments:
Post a Comment