橋 - ཟམ་པ། -

日本語訳 yuko (གཡུ་སྦྲང་།བོད་སྒྱུར་མཁན་ན་བུན།


昔々、隣り合う農場に住んでいたある2人の兄弟は対立するようになりました。それは、40年間助け合いながらの農場経営で初めて起こった深刻な仲たがいでした。それまで兄弟は、何の問題もなく、必要なときに機械を共有したり、仕事や道具を交換しあってきました。その後、長く続けてきた協力関係はついにバラバラに壊れてしまったのです。

それはほんの小さな誤解から始まり、恨みつらみをぶちまけ合った後、何週間も口をきかない事態に陥る、大きなすれ違いへと発展しました。


ある朝、兄の部屋のドアを誰かがノックしました。兄がドアを開くと、そこには大工の道具箱を持った男がいました。  「私は2〜3日程度の仕事を探しているところです。」と男は言いました。「おそらく、あなたはどこかしらにちょっと手伝いが必要なことがあるのではないですか。なにかお手伝い手伝いいたしましょうか?」

「ああ!」と兄は言いました。

「ちょうど君に頼みたいことがあるんだ。あの農場の小川を見渡してみてくれ。あれは私の隣人でーいや実は私の弟なんだがー仲は良くないんだ。先週、あいつは自分の農場に水を引くために広めの水路を掘ったんだ。だが結局、我々の農場の間にとんでもなく広い小川を作りやがった。きっと私を苛立たせるためだけにそんなことをしたに違いないと思っている。そこで君には、我々が向かい同士、立ってお互いの顔を見なくてもいいように、何かを作ってもらいたいんだ。」

大工は言いました。

「状況は大体わかりました。きっとあなたに喜んでいただける仕事ができると思います。」 

兄は不足しているものを補うために町に行かなければならなかったので、大工が材料を準備するのを手伝った後、終日家を空けました。大工は一日中、測ったり、のこぎりで切ったり、釘を打ったりと一生懸命働きました。


日が沈む頃、兄が帰宅すると、大工はちょうど仕事を終えたばかりでした。兄は目を大きく見開き、あまりの驚きでポカンとしてしまいました。 

それは兄が思い浮かべたり想像していたものではなかったのです。

それはー小川の片側から反対岸へと架かる橋でした! 

素晴らしい仕上がり、美しい手すり

そして驚くことに、小川の向こう側にいる弟が、満面の笑顔で大きく腕を開いて、兄を抱きしめようと会いに来ていたのです。

 「兄さん、あなたは本当に親切で謙虚な人だ。私が言ったりしてきたことをもってもなお、兄さんは血の繋がりが決して壊れることはないと示してくれた。私のしたこと、本当に本当にすまなかった。」

そう言いながら、弟は兄を抱きしめました。


兄弟が振り向くと、大工が道具箱を持ち上げて肩にかけるところでした。

「いや、待ってくれ!あと何日かここにいてくれないか。他にもまだたくさんしてもらいたいことがあるんだ。」と兄は言いました。

「ぜひそうしたいです。でもー」

大工は言いました。

「私にはもっとたくさんの架けるべき橋があります!」

 

教訓:過ちを認めたり、お互いを許し合うことに恥などありません。 親切で謙虚であるべきです。 家族として一緒にいるよう努めて、ささいな言い争いのせいで繋がりを断つべきではありません。

ཟམ་པ། 

གནའ་སྔ་མོར། བུ་སྤུན་གཉིས་ཀྱིས་ས་ཞིང་ཡུག་ཅིག་ཏུ་འབྲེལ་ནས་འཚོ་བ་རོལ། རིང་བོ་མ་ཐོགས་པར་ཁོང་གཉིས་ཀྱི་དབར་དུ་ས་ཞིང་རྩོད་གླེང་བྱུང་བ་རེད། 

དེ་ནི་འདས་པའི་མི་ལོ་༤༠ རིང་ལ་ཁོང་སྤུན་མཆེད་གཉིས་ཀྱིས་ཕན་ཚུན་ཞི་འགྲིག་འཆམ་མཐུན་ངང་ས་ཞིང་གྲལ་མཚེས་སུ་གཤིབ་ནས། རྨོ་འདེབས་དང་མཉམ་ལས་དང་ཐོན་སྐྱེད་བཅས་ཀྱི་ཁེ་བཟང་ཆེ་ཆུང་མང་ཉུང་མེད་པར་མཉམ་བགོ་མཉམ་སྤྱོད་བྱས་ནས་ཡོང་རྗེས་ཀྱི་ཐེངས་དང་པོར་བྱུང་བའི་ཛ་དྲག་གི་འགལ་འདུ་ཞིག་རེད།

དེའི་རྗེས་ཁོང་སྤུན་མཆེད་གཉིས་ཀྱི་དུས་ཡུན་རིང་བོའི་མཉམ་འབྲེལ་རོགས་རེས་ཀྱི་ཁེ་ལས་ཀྱང་ཉམ་ཉེས་ཐོར་ཞིག་ཏུ་ཕྱིན་པ་རེད།

དེ་ཡང་སྤུན་མཆེད་ཕན་ཚུན་དབར་དཀྱེལ་ཡངས་བསམ་ཤེས་མ་ཐུབ་པའི་གོ་ནོར་ཆུང་ངུ་ཞིག་རྦད་དེ་འགལ་རྐྱེན་ཚབས་ཆེན་ཆགས་ཏེ། མཐའ་རྔ་མར་ཞི་མཐུན་གྱི་མཛའ་བརྩེ་ནས་སྡང་སྡིགས་ཀྱི་ཚིག་མཚོན་འདེབས་རེས་བྱས་སོ།།

ནངས་སྔ་མོར། སྤུན་ཆེ་བ་ཚང་གི་སྒོ་རྡུང་བྱུང་། ཁོས་སྒོ་ཕྱེ་ནས་ལྟ་དུས། ལག་ཆ་སྒམ་གང་ཁུར་བའི་ཤིང་བཟོ་བ་ཞིག་དེ་གར་ཡོང་འདུག 

“ངས་ཞོར་ལས་འཚོལ་གྱི་ཡོད།” ཅེས་ཤིང་བཟོས་བཤད་རྒྱུར། “ཁྱེད་ཚང་ལ་ཞོར་ལས་ཙག་ཙིག་ཡོད་ངེས་སྙམ་ནས། ང་འདི་གར་ཡོང་བ་ཡིན། ཁྱེད་ཚང་ལ་ལས་ཀ་ཡོད་དམ།”

“ཡོད།” ཅེས་སྤུན་ཆེ་བ་ན་རེ། “ལས་ཀ་ཞིག་ཡོད། ཕ་གིའི་ཞིང་དཀྱིལ་གྱི་རྒྱུག་ཆུར་ལྟོས་དང་། ཕ་གི་ཁྱིམ་མཚེས་ཚང་གི་རེད། དྲང་མོར་བཤད་ན་ཁོ་ངའི་ནུ་བོ་རེད། ངེད་གཉིས་གདོད་ནས་མི་འགྲིག གཟའ་འཁོར་སྔོན་མར་ཁོས་ཆུ་རྐ་ཆེན་པོ་ཞིག་བརྐོས་ནས་ཁོ་རང་གི་ཞིང་ཁར་ཆུ་དྲངས་པ་དང་། ཁོས་ངེད་གཉིས་ཀྱི་ཞིང་བར་དུ་ཆུ་རྐ་ཆེན་པོ་བཏོད་དོན་ནི་བསམ་གཟས་ནས་ང་ལ་ཞེ་འཁོན་སློག་པ་རེད། ད་ནས་བཟུང་ངེད་གཉིས་ཀས་འཁོན་རེས་བྱེད་མི་དགོས་པ་དང་། གཅིག་གཅིག་གི་ངོ་མདངས་ཀྱང་མི་མཐོང་བའི་ཆེད་དུ། ཁྱོད་ཀྱིས་ང་ལ་བར་གྱང་ཞིག་བཟོ་རོགས།”

ཤིང་བཟོས། “ངས་ཁྱེད་ཀྱི་གནང་སྟངས་ཤེས་ཀི་བསམ། ཁྱོད་རང་གི་ཡིད་ཚིམ་པ་ཞིག་ཅིས་ཀྱང་སྒྲུབ་ངེས་ཡིན།” ཟེར།

ཉི་མ་དེར་བར་གྱང་གི་རྒྱུ་ཆ་ཁ་ཤས་བསྡུ་སྒྲིག་བྱེད་ཆེད། སྤུན་ཆེ་བ་གྲོང་རྡལ་དུ་དངོས་པོ་ཙག་ཙིག་ཉོ་རུ་བུད་སོང་། ཤུལ་དུ་ཤིང་བཟོས་ཉིན་གང་བོར་ཤིང་ཐིག་རྒྱག་པ་དང་སོག་ལེ་འཐེན་པ་དང་གཟེར་མ་རྡེབ་པ་སོགས་ཀྱི་ལས་སུ་གཞོལ།

ཕྱི་དྲོ་ཉི་མ་ནུབ་ཁར། སྤུན་ཆེ་བ་ཕྱིར་ཡུལ་ལ་ཐོན་དུས། ཤིང་བཟོས་ལས་ཀ་འགྲུབ་འདུག་ཅིང་། སྤུན་ཆེ་བ་མིག་ཧྲིག་གེར་ཧ་ལས་སོང་། དེ་ནི་ཁོ་རང་གིས་དྲན་པ་དང་ཁོ་རང་གི་བསམ་པ་ནང་བཞིན་གྱི་བར་གྱང་ཞིག་མ་ཡིན་པར། ཞིང་བར་ཆུ་ཕྲན་གྱི་ཕར་ངོགས་ནས་ཚུར་ངོགས་དབར་དུ་ཤིང་ཟམ་ཆུང་ཆུང་སྙིང་རྗེ་མོ་ཞིག་བཟོས་འདུག 

དེ་བས་ཀྱང་བློ་ཡུལ་ལས་འདས་པའི་དོན་དག་གཞན་ཞིག་བྱུང་བ་ནི། སྤུན་ཆུང་བ་ཤིང་ཟམ་བརྒྱུད་དེ་ཚུར་ཡོང་ནས་ཕུ་བོར་དགའ་བའི་བསུ་མ་བྱས་ཤིང་། དུང་བའི་དགྱེས་འཛུམ་དམུལ་ལེར་ཕུ་བོའི་སྐེར་འཇུས་ནས། “བདག་གི་བརྩེ་བའི་ཕུ་བོ་ལགས། ཁྱེད་རང་ངོ་མ་མི་བཟང་བརྩེ་སེམས་ཅན་ཞིག་རེད། ངས་ཁྱེད་ལ་སྡང་སྡིགས་ཇི་ལྟར་བསྟན་ནའང་། ཁྱེད་ཀྱིས་ད་དུང་འུ་སྤུན་མཆེད་གཉིས་ཀྱི་མཛའ་བརྩེའི་ཕྱི་ཐག་ལྷོད་མ་སོང་། ངས་ཁྱོད་ལ་མི་འོས་པའི་བསམ་སྦྱོར་སྤེལ་བ་དེ་ལ་ངོ་མ་དགོངས་པ་མ་འཚོམ།” ཞེས་བརྗོད་སོང་། 

སྐབས་དེ་ཤེད་དུ་ཤིང་བཟོས་ལག་ཆ་དག་ཕྲག་མགོར་ཁུར་ནས་འགྲོ་བཞིན་པ་མཐོང་སྟེ། སྤུན་ཆེ་བས། “ཨ་རོགས་སྒུག་དང་། ང་ལ་ད་དུང་ལས་འཆར་མང་པོ་ཞིག་ཡོད་པས། ད་རུང་ཉིན་འགར་འདུག་རོགས།” ཟེར། 

ཤིང་བཟོས། “སྤྱིར་ང་ཡང་འདི་གར་འདུག་འདོད་མོད། འོན་ཀྱང་ངས་ད་དུང་ཟམ་པ་མང་པོ་བཟོ་དགོས།” ཞེས་གསུངས་བྱུང་། 


སྡོམ་ཚིག ང་ཚོས་ཕན་ཚུན་ལ་གུ་ཡངས་བཟོད་སྲན་མི་བྱེད་ཅིང་རང་ཉིད་ཀྱིས་བཟོས་པའི་ནོར་འཆུག་ངོས་ལེན་མི་བྱེད་པ་དེ་ལས་ལྷག་པའི་ངོ་ཚ་ནི་གཞར་ཡང་མེད་པས། ང་ཚོར་ཡ་རབས་སྤྱོད་བཟང་གི་བྱམས་བརྩེ་ལྡན་དགོས། རྩོད་གླེང་ཕྲན་བུར་བརྟེན་ནས་ཁ་ཐོར་ཡ་བྲལ་དུ་མི་འགྲོ་བར། ཚང་མ་ཁྱིམ་ཚང་གཅིག་གི་ནང་མི་ལྟར་མཉམ་དུ་འཚོ་བར་བརྩོན་དགོས།


source:

https://www.moralstories.org/the-bridge/


#moral_story #author_unknown #translation


No comments:

Post a Comment

Adbox