助け舟 I རྐང་སྣམ་ནང་ཆུ་ཆུ་ཤོར་བ།

 

日本語訳 yuko (གཡུ་སྦྲང་།) བོད་སྒྱུར་མཁན་ན་བུན།

ある9歳の男の子が教室で席に着いていました。不意に、ズボンが濡れたように感じた時には、男の子の足元には水たまりができていました。クラスメイトがそれを見てからかうのではないかと心配になって、男の子の心臓は止まりそうなくらいドキドキしました。


男の子は早くなんとかしたくて、先生とクラスメイトのスージーがこちらに向かって歩いてくるのを見ました。


スージーは金魚鉢を運んでいました。二人が近づいて来た時、男の子は先生がお漏らしに気づいたんだと思いました。すると突然、スージーはつまずいて金魚鉢を男の子のひざの上に落としたのです。あぁ助かった!と思いながら、男の子はスージーに腹を立てたふりをして怒鳴りました。


 男の子のズボンが濡れてしまったのは、てっきりスージーのせいだとクラスのみんなは思いました。先生は男の子が乾いた服に着替えるのを手伝い、授業は続きました。


その後夜になって、男の子はスージーにたずねました。

「君、あれはわざとやったんだろう?」

スージーはそっと耳打ちしました。

「わたしも一度お漏らししたことあるのよ。」

 

教訓:わたしたちみんな、良い日もあれば悪い日もあります。悪い日に助けてくれる人こそが、あなたの本当の友達です。


 རྐང་སྣམ་ནང་ཆུ་ཆུ་ཤོར་བ།

ལོ་ན་དགུར་གསོན་པའི་བུ་ཆུང་ཞིག་སློབ་ཁང་གི་རང་གནས་སྒྲོག་ཙེའི་མདུན་དུ་སྡོད་ཅིང་། གློ་བུར་ཁོས་རང་གི་རྐང་སྣམ་རློན་པ་ཚོར་དུས། ཁོའི་རྡོག་སྣེར་རྫིང་བུ་ཆུང་ཆུང་ཞིག་འཁྱིལ་ཞིང་ཡོད་འདུག 

གནས་ཚུལ་དེ་འཛིན་གྲོགས་ཚོས་མཐོང་ནས་རང་ལ་འཕྱ་སྨོད་བྱ་བར་དོགས་ཏེ། ཁོའི་སྙིང་རླུང་སྟོད་ལ་འཚངས་སོ།། 

ཁོས་ལ་མོར་ཐབས་ཤེས་ཤིག་འདེན་དགོས་སྙམ་པའི་གླགས་དེར། དགེ་རྒན་དང་འཛིན་གྲོགས་སུ་སེ་གཉིས་སྔ་རྗེས་སུ་ཁོའི་རྩིབ་ལ་ཚུར་གིན་པ་མཐོང་། བུ་མོ་སུ་སེས་ལག་ཏུ་ཆུ་ཤེལ་དམ་གང་བཟུང་ཡོད་པ་རེད། 

དགེ་རྒན་དང་འཛིན་གྲོགས་མ་གཉིས་ཉེ་སར་བཅར་བ་དང་། སློབ་ཕྲུག་གི་སེམས་ལ། ད་ནི་རང་གི་རྐང་སྣམ་རློན་པ་དགེ་རྒན་གྱིས་སྔ་མོ་ནས་མཐོང་འདུག་བསམ་མོད། གློ་བུར་དུ་འཛིན་གྲོགས་སུ་སེ་རྡོག་སྣེ་ཐོགས་ཁུལ་གྱིས་ཆུ་ཤེལ་དམ་གང་བོ་ཁོའི་པང་དུ་ཕོ་སོང་། སྐབས་དེར་ཁོ་རང་ཡང་བུ་མོ་སུ་སེའི་སྟེང་ལ་སྤྲོ་ལང་ཁུལ་གྱིས་མོར་སྐད་ལོག་བརྒྱབ་ཅིང་། སེམས་ནས་དཀོན་མཆོག་གི་མགོན་སྐྱབས་གནང་བར་ཐུགས་རྗེ་ཆེ་ཞུས་སོ།།

དེ་བས་འཛིན་གྲོགས་ཚང་མས་ཁོའི་རྐང་སྣམ་རློན་པ་བྱེད་དོན་ནི་བུ་མོ་སུ་སེ་ལན་པར་རློམ། དགེ་རྒན་གྱིས་སློབ་བུར་རྐང་སྣམ་སྐམ་པོ་ཞིག་གྱོན་བཅུག་ནས་མུ་མཐུད་དུ་འཛིན་གྲྭ་འཚོགས་སོ།།

ཕྱི་དྲོར་ཁོས་འཛིན་གྲོགས་མ་སུ་སེར། “ཁྱོས་དེ་ལྟར་བྱས་པར་དགོས་དམིགས་ཤིག་ཅིས་ཀྱང་ཡོད་ངེས། མེད་དམ།” ཞེས་དྲིས།

བུ་མོ་སུ་སེས། “སྔོན་ཆད་ངའི་རྐང་སྣམ་ཡང་རློན་པ་བྱས་མྱོང་།” ཞེས་སྐད་འགོ་དམའ་མོས་བསྙད་དོ།།

སྡོམ་ཚིག སྐྱེ་བོ་ཚང་མར་དགའ་སྡུག་གི་ཉི་མ་རེས་སུ་འཁོར་བས་ན། སྡུག་གི་ཉིན་མོར་རམ་འདེགས་གནང་མཁན་ནི་ཁྱེད་ཀྱི་བློས་ཐུབ་གྲོགས་པོ་ཡིན་པར་གདམས།

#moral_story #author_unknown



No comments:

Post a Comment

Adbox