「静寂なる情熱」
映し出す紅い影が
生気のない頬を美しく染めてゆく
静寂なる情熱を身にまとい
いのちの限りあますことなく踊り明かそう
たとえいつか枯れてしまったとしても
その狂おしいほどの余韻は
わたしたちが過ごした記憶に
鮮やかに残り続けるから
+--------------------------------------------+
ལྷིང་འཇགས་ཀྱི་བརྩེ་འདང་།
『རྩོམ་མཁན་གཡུ་སྦྲང་། ལོ་ཙཱ་ན་བུན།』
གྲིབ་གཟུགས་དམར་པོ།
ཤི་ཟིན་པའི་མཁུར་ཚོས་ཟོམ་དུ།
མཛེས་སྡུག་གི་དུས་ཆད་བཏབ།
ལྷིང་འཇངས་ཀྱི་བརྩེ་འདང་ཀློང་ནས།
ཚེ་སྲོག་གི་དབུགས་རྒྱུན་ཇི་ཙམ་སྲིང་ན།
མཉམ་དུ་འཁོར་བའི་གར་ལ་རོལ་ཆོག
ག་ལེ་ག་ལེར།
ནམ་ཞིག དབུགས་ཀྱི་རྒྱུ་བ་ཟད་ཀྱང་།
གསལ་ལྷིང་ལྷིང་གི་འཆར་ཡན་ཁྲོད་ནས།
འུ་གཉིས་ད་དུང། ཕྱི་དྲན་ཁོ་ནས་འཚོ་ཆོག་ཨང་།
【གཡུ་སྦྲང་ངམ་གཡུ་ཁོ་(yuko)ནི་ཉི་ཧོང་གི་གསར་སྐྱེས་གླུ་མ་དང་དེང་རབས་སྙན་ངག་མཁན་ཞིག་རེད། ལོ་ན་ཆུང་དུས་རང་གི་ལྷན་སྐྱེས་ཀྱི་དགའ་ཕྱོགས་དང་བསྟུན་ནས་སྒྱུ་རྩལ་རྩོམ་རིགས་ཀྱི་ལམ་དུ་ཞུགས་ཤིང་། ད་བར་སྙན་ངག་༢༠༠ ལྷག་དང་གཞས་ཚིག་༢༧ བརྩམས་ཤིང་། གསར་རྩོམ་གཞས་ཚིག་ཁ་ཤས་ཉི་ཧོང་རྒྱལ་ཁབ་ནང་དགའ་བསུ་ཆེན་པོ་ཐོབ་པའི་གླུ་བ་གླུ་མ་རེ་འགས་བླངས་ཤིང་། མོས་དབྱིན་སྐད་དང་ཉི་ཧོང་སྐད་ཀྱི་གླུ་གཞས་འོད་སྡེར་༦ འགྲེམ་སྤེལ་གནང་འདུག ད་ལྟ་ཉི་ཧོང་གི་ནུབ་རྒྱུད་གྲོང་ཁྱེར་ཨོ་ས་ཁ་(Osaka) ནང་མུ་མཐུད་གསར་རྩོམ་གྱི་ལམ་དུ་སྐྱོད་མུས་རེད།】
+--------------------------------------------+
written✏️yuko(གཡུ་སྦྲང་།-yudrung-)
translated into Tibetan✏️ན་བུན།
#共作 #collaboration #もみじ🍁
No comments:
Post a Comment