འཇིག་རྟེན་སྟེང་ཆེས་གྲུང་བའི་མི། -世界で最も賢い人-

『བོད་སྒྱུར་མཁན་ན་བུན། 日本語訳・yuko(གཡུ་སྦྲང་།) 』

གཟའ་ཉི་མའི་ཕྱི་དྲོ་ཞིག་ལ།  སྨན་པ་ཞིག་དང་ཁྲིམས་རྩོད་པ་ཞིག  ད་དུང་བྱིས་པ་ཞིག་པ་དང་ཡི་ཤུ་མཆོད་དཔོན་ཞིག་བཅསསྒེར་གྱི་གནམ་གྲུ་ཆུང་ཆུང་ཞིག་ལ་བསྡད་པ་དང་མཁའ་ལམ་ནས་གློ་བུར་དུ་གནམ་གྲུར་ཆག་སྐྱོན་ཤོར་བ་རེད།

ཁ་ལོ་བས་ནུས་ཤུགས་ཡོད་རྒུ་བཏོན་རུང་། གནམ་གྲུ་མར་མར་ལྷུང་བྱུང་བསམཐའ་གཞུག་ཁ་ལོ་བས་འཕྲལ་དུ་མཆོང་གདུགས་ཤིག་བཟུང་ནས། སྐད་གསང་མཐོན་པོས་འགྲུལ་བ་དག་ལ་ “རབ་ཡིན་ན་ཁྱོད་ཚོང་མཆོང་ན་བཟང་ཞེས་བཤད་ཞོར། ཁོ་རང་གནམ་གྲུ་ལས་མཆོངས་སོང་།

སྟབས་ཉེས་པ་ཞིག་ལ་དེ་གར་མཆོང་གདུགས་གསུམ་ལས་ལྷག་མི་འདུག

སྨན་པས་མཆོང་གདུགས་གཅིག་བླངས་ནས། ང་རང་སྨན་པ་ཞིག་ཡིན། གཞན་གྱི་སྲོག་བསྐྱབདགོས་པས། ང་རང་ངེས་པར་དུ་འཚོ་དགོས” ཞེས་བཤད་ཞོར་གནམ་གྲུ་ལས་ལྡིང་བྱུང་།

དེའི་རྗེས་ཁྲིམས་རྩོད་པས“ང་ནི་ཁྲིམས་རྩོད་པ་ཞིག་ཡིན།  ཁྲིམས་རྩོད་པ་ནི་འཇིག་རྟེན་སྟེང་ཆེས་གྲུང་བའི་མི་ཡིན་པསང་རང་གསོན་འོསཟེར་ཞོར་མཆོང་གདུགས་ཤིག་བླངས་ནས་གནམ་གྲུ་ལས་མཆོངས་སོང་།

ཤུལ་དུ་མཆོད་དཔོན་གྱིས་བྱིས་པ་ཆུང་ཆུང་དེར་ལྟ་བཞིན་གསུང་རྒྱུར། “བུ་ཆུང་ལགས། ངས་མི་ཚེ་ཧྲིལ་བོ་ཞིག་བསྐྱལ་ཟིན། ཁྱོད་རང་ད་དུང་ལོ་ན་གཞོན་པ་དང་། མ་འོངས་མི་ཚེ་ཧྲིལ་བོ་ཞིག་གི་འགོ་བརྩམས་པ་ཙམ་ཡིན་པས། ཆེས་མཐའ་མཇུག་གི་མཆོང་གདུགས་འདི་ཁྱེད་ཀྱིས་ཟུངས་དང་།
བདེ་འཚམ་གྱིས་འཚོ་བར་སྨོན།

བྱིས་པ་ཆུང་ཆུང་གིས་མཆོང་གདུགས་དེ་ཕྱིར་མཆོད་དཔོན་གྱི་ལག་ཏུ་བཞག་ནས། “ཆོས་དཔོན་ལགས། སེམས་ཁྲལ་མ་གནང་ འཇིག་རྟེན་སྟེང་ཆེས་གྲུང་བའི་མི་དེས། ད་ཅི་ངའི་རྒྱབ་ཁུག་ཁྱེར་ནས་མཆོངས་སོང་།” ཞེས་བཤད་དོ།།

རྒྱབ་ལྗོངས་གཙོ་བོ་ཀུན་སྤྱོད་དེ། མི་གཞིའི་བཟང་ངན་ནི། གོ་གནས་ཀྱི་སྟེང་ནས་འཇལ་བ་མིན་གྱི། ཀུན་སྤྱོད་ལ་གཞིགས་ནས་གཞལ་བར་གདམས།


『世界で最も賢い人』

医者、弁護士、少年と僧侶が小さな自家用機で日曜日の午後のフライトに出かけました。

突然、飛行機はエンジントラブルを起こしました。 パイロットの最善の努力にもかかわらず、飛行機は降下し始めました。

ついに、パイロットはパラシュートをつかみ、乗客に飛び降りた方がいいと叫んで、彼自身が先に脱出しました。

残念なことに、残っているパラシュートはたった3つだけでした。

医者はその内の1つをつかみ、「私は医者です。人々の命を救うので、生きなければなりません。」と言って脱出しました。

続けて弁護士が「私は弁護士であり、弁護士は世界で最も賢い人です。 私は生きる価値があります。」 と言って、彼もまたパラシュートをつかんで飛び降りました。

僧侶は少年を見て言いました。

「息子よ、私は長らく充実した人生を送ってきた。お前は若く、人生はまだまだこれからだ。最後のパラシュートを持って行け。そして、平和に暮らすんだぞ。」

少年はパラシュートを僧侶に返し、こう言いました。「心配しないでお父さん。さっき、世界で最も賢い人が私のリュックサックを背負って飛び降りたから。」

道徳:職業は必ずしもその人を定義づけるわけではありません。善良な人間であることがその人を定義づけるのです。


No comments:

Post a Comment

Adbox