དུར་ཡིག 『འཇིག་རྟེན་ལེགས་ལམ་དུ་བཀྲི་བའི་མདོ།』

 ན་བུན་གྱིས་སྒྱུར།


ང་རང་ལོ་ན་གཞོན་དུས། རང་དབང་ཡིན་དུས། འཆར་ཡན་རྒོད་དུས་ཤིག་ལ། ངས་འཇིག་རྟེན་འདི་ལེགས་ལམ་དུ་བཀྲི་བའི་ཕུགས་འདུན་བཅངས།


རིམ་གྱིས་ནར་གསོན་ནས་བློ་སྒོ་ཕྱེ་བ་དང་། ངས་འཇིག་རྟེན་ལེགས་ལམ་དུ་འཁོད་མི་ཐུབ་པ་ཤེས་སོང་།

དེ་བས། ངས་རང་གི་མིག་རྒྱང་ཇེ་ཐུང་དུ་བཏང་ནས་རང་རྒྱལ་ལེགས་ལམ་དུ་བཀྲི་བའི་སེམས་ཐག་བཅད་ཀྱང་། དེ་ཡང་མི་ནུས་པར་སྣང་།

དེ་ནས། ངས་རང་ལ་རྒྱུས་མངའ་བའི་ཁྱིམ་ཚང་ལེགས་ལམ་དུ་འཁོད་དགོས་སྙམ་མོད། ཀྱེ་ཧུད། ཁོ་ཚོ་ཡང་ལེགས་ལམ་དུ་འཁྲིད་ཐབས་མ་བྱུང་ཨང་།

ད་ནི་འཆི་ཁའི་ཉལ་སར་ལྷུང་དུས། ངས་གློ་བུར་དུ་འདི་ལྟར་རྟོགས་ཡོང་། གལ་ཏེ་ངས་དང་ཐོག་ནས་རང་ཉིད་ལེགས་ལམ་དུ་བཀྲིས་ཡོད་ཚེ། མིག་དཔེ་དེ་ལ་བརྟེན་ནས་རང་ཁྱིམ་ལེགས་ལམ་དུ་འཁྲིད་ཐུབ་ཡོད་ཤས་ཆེ་ལ། ཁྱིམ་མིའི་རམ་འདེགས་དང་དེའི་སྒུལ་ཤུགས་ལ་བརྟེན་ནས་རང་རྒྱལ་ལེགས་ལམ་དུ་འཁོད་ཐུབ་ཡོད་སྲིད། ཐ་ན་སུས་ཀྱང་བློ་ཡུལ་ལས་འདའ་ནས། ངས་འཇིག་རྟེན་ལེགས་ལམ་དུ་བཀྲི་ཐུབ་ཡོད་ཀྱང་སྲིད་པ་རེད།”

མ་ཡིག 

HOW TO CHANGE THE WORLD

By an Anglo-Saxon Bishop (1100 C.E.) on his tomb Shilothe wikies

When I was young and free and my imagination had no limits, I dreamed of changing the world.

As I grew older and wiser, I discovered the world would not change, so I shortened my sights somewhat and decided to change only my country. But it too seemed immovable.

 As I grew into my twilight years, in one last desperate attempt, I settled for changing only my family, those closest to me, but alas, they would have none of it.

And now as I lie on my deathbed, I suddenly realize: If I had only changed myself first, then by example I would have changed my family. From their inspiration and encouragement, I would have then been able to better my country and, who knows, I may have even changed the world.”


No comments:

Post a Comment

Adbox