རྒྱང་རིང་གི་བོད།



ན་བུན་གྱིས་སྒྱུར། 

རྒྱང་རིང་གི་བོད།


རྒྱང་རིང་གི་བོད། སུ་ཡང་སླེབས་མ་བྱུང་། ཁྱེད་ཀྱི་ཉམས་མེད་ལྗང་མདོག་གི་བླ་སྲོག་དང་། གསོན་ཤུགས་རྙེད་ཅིང་།

ཤིང་མངར་ཁྲོད་ཀྱི་ལྷ་ཁང་ལས་ཐར་བ་ཐོབ། དེ་གར་དྲང་སྲུང་ཚོར། སོམ་གཞིག་གི་རོལ་མྱོང་བྲལ།


རབ་རིབ་མག་མོག་གི་སྨྱུག་ཁ་ཕྲ་མོ། འོད་ཞགས་ངོགས་ནས། ཁྱེད་ཀྱིས་མཚན་མོར་འོད་རྩི་བྱུགས།


རྒྱ་སེ་དམར་པོར་དུངས་པའི་དབང་གིས།

འཇིག་རྟེན་གྱི་འདས་སོང་དང་། འབུ་སྡོམ་རྔོན་པའི་སྐྱ་ཀ་ཁྲ་མོ།

ཁྱེད་ཀྱིས་བརྩེ་བ་དང་འཆི་བ་རོ་གཅིག་ཏུ་སྲེ།


རྗ་བྷི་སི་(EDMOND JABES 1912-1991)ནི་གནའ་བོ་ཨེ་ཇེབ་རྒྱལ་ཁོངས་རྗེའུ་མི་རིགས་ཀྱི་སྙན་ངག་པ་ཡིན། ཕྱི་ལོ་༡༩༥༦ ལོར་རྒྱལ་ནང་དུ་སྡེ་གཟར་ལངས་རྐྱེན་ཧྥ་རན་སིར་ཕེབས་ནས་སྐྱབས་བཅོལ་གྱི་འཚོ་བ་བསྐྱེལ།

ནུབ་གླིང་གི་རྩོམ་རིག་ལོ་རྒྱུས་ལྟར་ན། ཁོང་ནི་དུས་རབས་ཉི་ཤུ་བའི་བག་ཉལ་མངོན་འགྱུར་ལུགས་(Surrealism)ཀྱི་སྙན་ངག་གསར་རྩོམ་མཁན་གཙོ་གྲས་སུ་བཞེད་ཅིང་། འཐུས་ཚབ་སྙན་དེབ་ལ་<<དོགས་སློང་བརྩམས་ཆོས་>>(The Book of Questions)སོགས་འདུག


No comments:

Post a Comment

Adbox