བྱེའུ་དེ་འཕུར་སོང་། (ནོར་ཝེ་ནགས་ཚལ།)

  ན་བུན་གྱིས་སྒྲིག་སྒྱུར་བྱས།



གནའ་སྔ་མོར། ང་བུ་མོ་ཞིག་ལ་ཕྲད་པའམ།

ཡང་ནབུ་མོ་དེ་ང་ལ་ཐུག་མྱོང་།

མོས་ང་ལ། གཞིས་ཀ་ཞིག་བསྟན།

དེ་ནིཡིད་འོང་གི་ནོར་ཝེ་ནགས་ཚལ་ཡིན་ནམ།

མོསང་མ་འགྲོ། འདུག་རོགས། ཞེས་ཟེར།  

མོས་ང་ལ་ད་དུང་། དེ་གར་སྡོད་དང་། ཞེས་གསུང་བྱུང་།

གཡས་གཡོན་ཞིབ་ཏུ་མྱུལ་དུས།

ཨོང་བཀྱག་མི་འདུག

སློག་གདན་ཁུད་དུ། ངས་དུས་ཚོད་ལ་སྒུག་བཞིན།

མོའི་རྒུན་ཆང་འཐུང་གིན།

ཆུ་ཚོད་གཉིས་རིང་། ངེད་གཉིས་ཁ་བརྡ་གློད།

དེའི་རྗེས། མོས་ང་ལ།

ཉལ་རན་སོང་། ཞེས་ཟེར།

མོས་ང་ལ།

ཞོགས་པར། མོས་ལས་ཀ་འགྲུབ་དགོསཟེར་ཞོར། མོ་བགད་བྱུང་།

ངས་མོ་ལ།

ང་ལས་མེད་ཡིནཟེར་ཞོར། ཁྲུས་གཞོང་ནང་གཉིད་ཁུག་པཡིན།

གཉིད་སད་དུས། ང་གཅིག་པུ་རེད།  

བྱེའུ་དེ་འཕུར་སོང་།

གཅིག་པུར་ངས་མེ་ཁ་གསོས།

དེ་ཡང་། ཡིད་འོང་གི་ནོར་ཝེ་ནགས་ཚལ་ཡིན་ནམ།


ཇོན་ལི་ནོན་(John Lennon 1940 - 1980)ནི་དབྱིན་ཇིའི་གཞས་ཚིག་དང་དབྱངས་རྩོམ་མཁན། རོལ་མོ་བ་དང་གླུ་བ་གྲགས་ཅན་ཞིག་རེད། ལོ་ན་ཆུང་དུས་ནས་རོལ་དབྱངས་དང་གླུ་གཞས་སྒྱུ་རྩལ་གྱི་ལམ་དུ་ཞུགས་ཤིང་། ཕྱི་ལོ་༡༩༦༠ ལོར་བྷི་ཏལ་(The Beatles)རོལ་ཚོགས་གསར་འཛུགས་གནང་རྗེས། ཁོང་ནི་དུས་རབས་ཉེར་གཅིག་པར་འཛམ་གླིང་སྒང་གི་རྒྱ་ཆེའི་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ་པའི་གླུ་གཞས་སྒྱུ་རྩལ་པའི་གྲས་དང་། རོལ་ཚོགས་མཉམ་སྡེབ་ཀྱི་ཆེད་སྒྲིག་གླུ་གཞས་ཁག་ནི་རོལ་དབྱངས་སྒྱུ་རྩལ་གྱི་ལོ་རྒྱུས་ཁྲོད་ནས་འཛམ་གླིང་སྟེང་ཤུགས་རྐྱེན་ཆེ་ཤོས་ཀྱི་གྲས་སུ་བཞེད།

རང་ལོ་༢༨ སྟེང་ཉི་ཧོང་གི་གློག་བརྙན་འཕྲིན་གྱི་བར་འཇུག་རི་མོ་བ་དང་ཞི་བདེ་དོན་གཉེར་བ། གཞས་ཚིག་རྩོམ་པ་པོ་དང་གླུ་མ་གཡུ་ཁོ་ཨོ་ནོ་(Yoko Ono)དང་གཉེན་སྡེབ་ནས་ཁྱིམ་ཐབས་བཟུང་ཞིང་། གླུ་གཞས་འཁྲབ་སྟོན་ལ་བརྟེན་ནས་འཚོ་བ་རོལ། རང་ལོ་༤༠ སྟེང་ཁོང་གིས་ཆེད་སྒྲིག་<<ཉིས་སྡེབ་འཆར་ཡན་>>(Double Fantasy)རྩོམ་སྒྲིག་གནང་བཞིན་པའི་གླགས་དང་བསྟུན་ནས་གཞན་གྱི་ལྐོག་གསོད་ཐེབས། ཁོང་གི་གསར་རྩོམ་རོལ་དབྱངས་དང་གླུ་གཞས་ཁག་ལ་འཛམ་གླིང་དམག་ཆེན་གཉིས་པའི་སྐྱོ་གར་དང་དེའི་ཤུགས་རྐྱེན་ཟབ་མོ་ཐེབས་པར་སྨྲ།

གླུ་གཞས་གཙོ་བོ་<<སྐད་ཅིག་གི་ལས་དབང་>>(instant karma!) དང་། <<སོམ་གཞིག>>(Imagine)<<ཞི་བདེའི་གོ་སྐབས་སྩོལ་རོགས་>>(Give Peace a Chance)<<དམག་འཁྲུག་རྫོགས་སོང་། ཡི་ཤུའི་འཁྲུངས་སྐར་བསུ་>>(Happy Xmas (War is over)སོགས་འདུག



No comments:

Post a Comment

Adbox