རང་ཡུལ་གད་པ། I འོས་སྦྱོར།

རང་ཡུལ་གད་པ།


རོང་བོ་གངས་དཀར།


ཅི་ཙམ་རྩིབ་ལ་བཅར་ན། དེ་ལྟར་ཐོན་ས་མི་འདུག

ཇི་ལྟར་རྒྱང་ནས་མཇལ་ན། དེ་ཙམ་ཉེ་སར་སླེབས་འགྲོ།

 

ཕ་ཡུལ་ཨ། སེམས་ཀྱི་ན་ཟུག

ཚིག་མཛོད་ཁྲོད་ནས་མི་རྙེད་པའི་ཐ་སྙད་རློན་པ།

 

རི་མཐོན་པོ་ཞིག་དང་། གྱ་གྱུའི་ལམ་ཕྲན།

ཆུ་དྭངས་མོ་ཞིག་དང་། ལྗོན་པ་ཐ་ཐོར།

 

དྲན་ངོགས་ན། ཁྱེད་ནི་རི་ལྟར་འགྱིང་ཡོད་ལ།

སེམས་ཁ་ན། ཁྱེད་ནི་མར་ལོ་བཞིན་འཇམ་སོང་།

 

ཨ་ཨ། བྲོ་བ་དེ་དང་། ཞིམ་མངར་དེ།

ཨ་ཨ། ཉི་ཐིག་དེ་དང་། རྩེད་ར་དེ།

 

ཅི་ཙམ་རྩིབ་ལ་བཅར་ན། དེ་ལྟར་ཐོན་ས་མི་འདུག

ཇི་ལྟར་རྒྱང་ནས་མཇལ་ན། དེ་ཙམ་ཉེ་སར་སླེབས་འགྲོ།

རྩོམ་པ་པོ་ངོ་སྤྲོད་སྙིང་བསྡུས།

རོང་བོ་གངས་དཀར། མིང་དངོས་ལ་དོན་ཡོད། ལོ་རབས་བརྒྱད་ཅུ་བའི་སྟོད་དུ་རེབ་གོང་རོང་བོ་སྡེ་བར་སྐྱེས། ལོ་བཅོ་ལྔའི་སྟེང་ནས་རེབ་གོང་རོང་བོ་དགོན་ཆེན་གྱི་ཚོགས་གྲལ་ཏུ་ཞུགས་ནས་འདོན་ཆོས་སྤྱོད་དང་སུམ་རྟགས་སྙན་ངག བསྡུས་གྲྭ་སོགས་སྦྱངས། ༢༠༠༡ ལོར་དབུས་ཀྱི་སེ་ར་དགོན་པར་ཞུགས་ནས་རྣམ་འགྲེལ་དང་ཕར་ཕྱིན། དྲང་ངེས་སོགས་ཀྱི་གཞུང་ལ་སྦྱངས། ཞོར་ཏུ་རྩོམ་རིག་གི་བརྩམས་ཆོས་མང་པོ་གཞུང་སྒེར་གྱི་དུས་དེབ་དང་དྲ་ལམ་ལ་སྤེལ་མྱོང་། ༢༠༡༡ ལོར་སྙན་དེབ་<<མདུད་པ་>>ཅེས་པ་པར་ཏུ་བསྐྲུན་ལ། གཞན་རྒྱ་ཡིག་ནས་རང་བསྒྱུར་བྱིས་རྩོམ་དང་སྙན་ངག་ཀྱང་རེ་འགའ་བོད་ཕྱི་ནང་གི་རྩོམ་རིག་སྤྱི་སྟེགས་སུ་སྤེལ་མྱོང་།


No comments:

Post a Comment

Adbox