མི་གསུམ་སྒོར་ཕྱིན།
དམངས་ཁྲོད། བསྡུ་སྒྲིག་པ་རིག་རྒྱམ།
གཅིག་གིས་ཆར་གདུགས་བཟུང་། གཅིག་གིས་མཁར་བ་བཟུང་། གཅིག་གིས་ཅི་ཡང་བཟུང་མེད།
ཕྱིར་ཐོན་དུས། ཆར་གདུགས་ཅན་དེ་བརླན་པར་བྱས་འདུག མཁར་བར་རྟེན་མཁན་དེ་ཐང་ལ་འགྱེལ་ནས་རྨས་འདུག གཞན་པ་དེར་ཅི་ཡང་བྱུང་མེད་པ་རེད།
མ་གཞི། ཆར་ནག་བབས་རྗེས། ཆར་གདུགས་ཅན་དེས། ཆར་གདུགས་ཡོད་སྙམ་ནས་འཛེམ་དོགས་མེད་པར་སོང་བས་བརླན་པར་བྱས་ཤིང་། ལམ་གྱི་འདམ་ནང་དུ་འགྲོ་སྐབས་མཁར་བ་ཐོགས་མཁན་དེས། མཁར་བར་བརྟེན་ནས་རྒྱུག་པས་ཐང་ལ་འགྱེལ་ལ། ཅི་ཡང་བཟུང་མེད་པ་དེས། ཆར་བར་གཡོལ་ཞིང་ལམ་ནས་སེམས་ཆུང་གིས་སོང་བས། ཅི་ཡང་མ་བྱུང་བ་རེད།
སྡོམ་ཚིག སྤྱིར་བཏང་ང་ཚོ་རང་ཉིད་ཀྱི་ཞན་ཆའི་སྟེང་ནས་ཕམ་སོང་བ་མ་ཡིན་པར། ཏག་ཏག་རང་ཉིད་ཀྱི་བཟང་ཆའི་སྟེང་ནས་ཕམ་པར་གདམས།
འབྲེལ་ཐག་འདི་ནས་ཁོང་གི་སྒྲུང་ཐུང་གཞན་དག་ཀློག་ཐུབ།
No comments:
Post a Comment