ལམ་བར་གྱི་གསང་བ། I གསར་རྙིང་།



ལམ་བར་གྱི་གསང་བ། 


རྩོམ་མཁན་ཊི་རན་སི་ཊོ་མེར། ལྡོང་བུས་དབྱིན་ཡིག་ལས་བསྒྱུར།


ཉི་འོད་གཉིད་ཉལ་མཁན་ཞིག་གི་གདོང་ལ་ལྷུང་།

ཁོའི་རྨི་ལམ་སྔར་ལས་གསལ་ལམ་མེར་གྱུར།

ཡིན་ནའང་ཁོ་རང་སད་མ་བྱུང་།


མུན་པ་ལམ་འགྲོ་ཞིག་གི་གདོང་ལ་ལྷུང་།

འཚབ་འཚུབ་ཀྱི་ཉི་འོད་བཙན་པོའི་ནང་དུ།

མི་གཞན་དག་གི་དཀྱིལ་དུ་འགྲོ།


གློ་བུར་བའི་མུན་པ་དེ་ནི་དྲག་ཆར་ཞིག་དང་འདྲ།

ང་རང་སྐད་ཅིག་ཐམས་ཅད་ཤོང་བའི་ཁང་པ་ཞིག་ཏུ་འགྲེངས།

ཕྱེ་མ་ལེབ་ཀྱི་དངོས་མང་བཤམས་སྟོན་ཁང་ཞིག


འོན་ཀྱང་ཉི་མ་བཙན་པོ་ནི་སྔོན་དང་གཉིས་སུ་མེད།

དེའི་འཚབ་འཚུབ་ཀྱི་སྤུ་སྨྱུག་གིས་འཇིག་རྟེན་འབྲི་བཞིན་འདུག



ལམ་གྱི་གསང་བ། 


རྩོམ་མཁན་ཊི་རན་སི་ཊོ་མེར། སྒྱུར་མཁན་ན་བུན།


ཉིན་དཀར། གཉིད་དུ་ཡན་པའི་མི་ཞིག་གི་ངོ་གདོང་དུ་ལྷུང་སོང་།

ཁོའི་རྨི་ལམ་སྔར་ལས་མངོན་པར་གསལ།

འོན་ཀྱང་ཁོ་སད་མ་བྱུང་།


མུན་ནག ལམ་དུ་འགྲོ་བའི་མི་ཞིག་གི་ངོ་གདོང་དུ་ལྷུང་སོང་།

ཁོ་དང་མི་ཚོགས། དྲག་ཏུ་འཕྲོ་བའི།

ཉི་ཟེར་ཀློང་དུ་བསྐྱོད།


དྲག་ཆར་ནང་བཞིན། གློ་བུར་མུན་པ་འཐིབས་སོང་།

ང་ནི། སྐད་ཅིག་མར་ཡོད་ཚད་ཤོང་ཐུབ་པའི་ཁང་མིག་ཅིག་ཏུ་བསྡད།

དེ་ནི། ཕྱེ་མ་ལེབ་ཀྱི་འགྲེམ་སྟོན་ཁང་ཞིག་རེད།


ད་དུང་སྔར་བཞིན། ཉི་འོད་དྲག་ཏུ་འཕྲོ་ཞིང་།

དྲག་ཏུ་འཁྱུག་པའི་སྤུ་སྨྱུག་གིས། འཇིག་རྟེན་ལ་ཁ་དོག་བྱུགས།




Secrets on the Way (1958) by Tomas Tranströmer


Daylight struck the face of a man who slept. 

His dream was more vivid 

but he did not awake. 


Darkness truck the face of a man who walked 

among the others in the sun’s strong 

impatient rays. 


It was suddenly dark, like a downpour. 

I stood in a room that contained every moment – 

a butterfly museum. 


And the sun still as strong as before. 

Its impatient brushes were painting the world.


འབྲེལ་ཐག་འདི་ནས་རྩོམ་མཁན་གྱི་ལོ་རྒྱུས་ཀློག་ཐུབ། 



No comments:

Post a Comment

Adbox