འགྲེམ་སྟོན་ཁང་།



ན་བུན་གྱིས་སྒྱུར།

འགྲེམ་སྟོན་ཁང་།


དགོང་མོ་དེར། ང་རང་ཨེ་གསུམ་པའི་མགྲོན་ཁང་དུ་བསྡད།

ཁང་མིག་ནང་ལོགས་ཀྱི་དྲི་ངད་འདི་དག 

ངས་སྔོན་ཆད་ཡ་གླིང་གི་འགྲེམ་སྟོན་ཁང་དུ་ཚོར་མྱོང་།


སྐྱ་མདངས་ཆགས་པའི་རྩིག་ལྡེབས་སུ། བོད་དང་ཉི་ཧོང་གི་ངོ་གདོང་བཀལ་འདུག 


ད་ལྟ་ཡང་། ངོ་གདོང་རེད་མི་འདུག  

ཞིག་རལ་བཏང་བའི་རྩིག་དཀར་ངོས་སུ། བཙན་གྱིས་དེད་ཡོང་བའི་ངོ་གདོང་རེད།

དབུགས་ཧལ་ཧལ་ངང་། ཅི་ཞིག་འདྲི་རྩིས་འདུག


  རྩོམ་པ་པོ།


ཊི་རན་སི་ཊོ་མེར་(Tomas Transtromer 1931 - 2015)ནི་སི་ཝེ་ཌིན་གྱི་རྒྱལ་ས་སི་ཊོ་ཁི་ཧོ་ལམ་(Stockholm)དུ་སྐྱེས་ཤིང་། ཡུལ་དེའི་དེང་རབས་སྙན་ངག་པ་དང་རྩོམ་པ་པོ། ལོ་ཙཱ་བ་ཡིན། རང་ལོ་༡༦ སྟེང་ནས་རྩོམ་རིག་གསར་རྩོམ་གྱི་ལམ་དུ་ཞུགས་ཤིང་། ཕྱིས་སུ་སི་ཊོ་ཁི་ཧོ་ལམ་གཙུག་ལག་སློབ་ཆེན་དུ་ཁོང་གིས་སེམས་ཁམས་རིག་པ་དང་རྩོམ་རིག་ཆེད་སྦྱོང་གནང་། 

དུས་སྐབས་དེའི་ཡུ་རོབ་གླིང་གི་དེང་རབས་སྨྲ་བའི་རྩོམ་རིག་Modernism) དང་ཕྱིར་མཚོན་རིང་ལུགས། Expressionism ལྷག་པར་དུ་དངོས་བརྒལ་རིང་ལུགས་(surrealism)དང་མཚོན་རྟགས་རིང་ལུགས་(symbolism)ཀྱི་རྩོམ་མཁན་གྲས་ནས་རླབས་ཆེ་བའི་སྙན་ངག་པ་ཅེས་གདེང་འཇོག་ཐོབ་པར་མ་ཟད། སྔ་རྗེས་ཐེངས་འགར་ནོ་བྷིལ་རྩོམ་རིག་གཟེངས་རྟགས་ཀྱི་འོས་མིར་བདམས་ཤིང་། སྤྱི་ལོ་༢༠༡༡ ལོར་ཁོང་གིས་དྭངས་གསལ་གྱི་འཆར་ཡན་དང་བསྡུས་བརྗོད་ཀྱི་རྩོམ་ཐབས་གསར་བར་བརྟེན་ནས། ང་ཚོ་དངོས་ཡོད་འཚོ་བར་འཁྲིད་ནུས་པའི་མཛད་རྗེས་སུ། ནོ་བྷིལ་རྩོམ་རིག་གཟེངས་རྟགས་བསྩལ། ཁོང་གི་རྩོམ་དེབ་ཁག་རྒྱལ་སྤྱིའི་སྐད་རིགས་༥༠ ནང་བསྒྱུར་བསྐྲུན་བྱས།

དབྱིན་ཡིག་ནང་ཁོང་གི་སྙན་དེབ་<<བསུབ་པའི་འཇིག་རྟེན་>>(The Deleted World)དང་། <<རྩོམ་བཏུས་གསར་བ།>>(New Collected Poems) <<ཤིང་གྲུ་ལྟོ་དེབ་ཀྱི་སྐྱོ་གདུང་།>>(The Sorrow Gondola) <<རླབས་ཆེན་གྱི་གསང་ཚིག>><<The Great Enigma) <<ཕྱེད་ཀ་གྲུབ་པའི་ཞིང་ཁམས་>>(The Half-Finished Heaven)དང་། <<འཆི་བ་དང་འཚོ་བའི་ཆེད་དུ།>>(For the Living and the Dead) སྙན་ངག་རིང་མོ་<<བྷལ་ཊེ་ཁི་མཚོ་ངོགས།>>(Baltics) <<ལམ།>>(Paths) <<རྡོ་བ་དང་སྒེའུ་ཁུང་།>>(Windows and Stones) <<རྒྱལ་སྤྱིའི་རྩོམ་རིག་གླེང་སྟེགས་ཀྱི་སྙན་རྩོམ་གཅེས་བསྡུས་དང་རྒྱལ་ཡོངས་རྩོམ་རིགས་གཟེངས་རྟགས་ཀྱི་ལེགས་རྩོམ་བདམས་བསྒྱུར།>>(an International Poetry Forum Selection and a runner-up for the National Book Award for translation) ཚབ་མཚོན་སྙན་དེབ་<<སྙན་ངག་བཅུ་བདུན་>>(Seventeen Poems)སོགས་བཞུགས།


No comments:

Post a Comment

Adbox