སོ་ར་ཡ། གནའ་བོའི་སྟག་གཟིག་གི་མུ་ཏིག་ནག་པོ།
ན་བུན།
སོ་ར་ཡ་ནི་ངོ་མཚར་གྱི་གཏམ་རྒྱུད་ཅིག།
སོ་ར་ཡ་ནི་སྟག་གཟིག་གི་དམར་འཛིང་ཞིག
ས་ར་ཡ་ནི་ “ཨ་ལ་” ཡི་རྒྱུ་བྱིན་ཆུང་མ་ཡིན་སྐད།
ཚེ་རོགས་ལ་སྲུང་བའི་ཁྲེལ་གཞུང་། རྡོ་བ་དང་ཁྲག་ཐིགས།
གཅེས་ཕྲུག་ལ་གནང་བའི་ནུ་རིན། རྡོ་བ་དང་ཁྲག་ཐིགས།
ཁྱིམ་མཚེས་ལ་བསྟབས་པའི་དུང་ཞེན། རྡོ་བ་དང་ཁྲག་ཐིགས།
སྐད་ཆ་ཁ་ཤས། འཇིག་རྟེན་གྱི་ལྷ་སྒྲུང་།
སྐར་མ་ཁ་ཤས། བརྩེ་དུང་གི་ལག་རྡོ།
སོ་ར་ཡ། ཕུག་རོན་དཀར་པོ་འཕུར་བའི་གཤོག་སྒྲ།
བོད་ཡུལ་འགུལ་འགུལ།
སོ་ར་ཡ། ཀེང་རུས་དཀར་པོ་ཁུར་བའི་གཙང་བོ།
ཡར་ཀླུང་འཁྱོམ་འཁྱོམ།
སོ་ར་ཡ། ཕུགས་འདུན་གྱི་སེང་རས་དཀར་པོ།
རླུང་གིས་ཁུར་སོང་།
སོ་ར་ཡ། ཞེ་འདང་གི་སེང་རས་དཀར་པོ།
རྡོ་བར་བརྡབས་སོང་།
སོ་ར་ཡ། ད་མ་ངུ་ཨང་། སྡིག་བཤགས་ཀྱི་སྤར་མོ་གནམ་ལ་ཟེད་དང་།
དད་སྟོབས་ཀྱི་ལྕགས་ཚན་བདུན་ཅུ་རྩ་གཅིག རྟོག་བཏགས་ཀྱི་ “ཨ་ལས་” ཁྲུས་གསོལ་ལོ།།
༢༠༢༡/
No comments:
Post a Comment