གང་ཟག་རིགས་གསུམ་གྱི་གཏམ་རྒྱུད། I གསར།

 


{ནུབ་ཀྱི་དམངས་ཁྲོད་གཏམ་རྒྱུད་}ལས་བདམས་ཤིང་བསྒྱུར།


ན་བུན།


དགེ་རྒན་གྱིས་སློབ་བུར་རྩེད་ཆས་གསུམ་བསྟན་ནས། དེ་དག་གི་དབྱེ་བ་དགར་རོགས། ཞེས་གསུངས་སོང་།

བལྟོས་ཚོད་ཀྱིས་རྩེད་ཆས་དེ་དག་གི་བཟོ་ལྟ་དང་། ཆེ་ཆུང་། རྒྱུ་ཆ་སོགས་ཕན་ཚུན་ལ་ཧ་ཅང་འདྲ་བོ་ཡོད། 

བློ་རིག་སྒྲིམ་ནས་ཞིབ་ཏུ་བརྟགས་རྗེས། སློབ་བུས་རྩེད་ཆས་དེ་དག་གི་ཨུ་ཁུང་ལ་དོ་སྣང་བྱུང་། 


རྩེད་ཆས་དང་པོར་རྣ་གཡས་པ་ནས་གཡོན་པར་བརྟོལ་ལ། རྩེད་ཆས་གཉིས་པར་རྣ་བ་ནས་མགྲིན་པར་ཕུག་ཅིང་། རྩེད་ཆས་གསུམ་པར་རྣ་བ་གཅིག་དང་ཁུང་བུ་གཅིག་ལས་མེད་པ་རེད། 

དེའི་རྗེས་སློབ་བུས་ཁབ་ཅིག་བླངས་ནས་རྩེད་ཆས་དང་པོའི་ཐོས་འཛིན་གྱི་བུ་གར་དྲངས་ཚེ། ཁབ་ཀྱི་སྣེ་མོ་ཐོས་འཛིན་གྱི་བུ་ག་གཅིག་ནས་གཅིག་ཏུ་འཇུར་འོངས། རྩེད་ཆས་གཉིས་པའི་ཐོས་འཛིན་གྱི་བུ་གར་དྲངས་པ་ན། ཁབ་རྩེ་རྣ་བ་ནས་མགྲིན་པར་འཇུར་ཡོང་། དེ་ནས་རྩེད་ཆས་གསུམ་པའི་ཐོས་འཛིན་གྱི་བུ་གར་དྲངས་པ་དང་། ཁབ་ཀྱི་སྣེ་མོ་ཕྱིར་འཐོན་རྒྱུ་མ་བྱུང་ངོ་།། 


རྩེད་ཆས་དང་པོས། ཁྱེད་རང་གི་མཐའ་འཁོར་གྱི་མི་མང་མང་གིས་ཁྱེད་ལ་བརྩི་འཇོག་གི་རྣམ་འགྱུར་ཡ་མ་བརླ་ཞིག་བསྟན་ནས་ཁྱེད་ཀྱི་སྐད་ཆར་རྣ་བ་བླགས་ཀྱང་། དོན་དངོས་སུ་མི་དེའི་རིགས་ཀྱིས་ཁྱོད་ལ་ཕྱིའི་བཟོ་ལྟ་བཏོད་པ་ཙམ་ལས་མ་འདས་ཏེ། དེ་ནི་ཁབ་ཀྱི་སྣེ་མོ་ཐོས་འཛིན་གྱི་བུ་ག་གཅིག་ནས་གཅིག་ཏུ་འཇུར་འོངས་པ་ནང་བཞིན། ཁོ་ཚོས་གསན་པའི་རྗེས་སུ། ཁྱོད་ཀྱི་གསུང་གླེང་རེ་རེ་བཞིན་ཡལ་བར་དོར་འགྲོ་བས། ཕྱིས་སུ་མི་ལ་གླེང་མོལ་བྱེད་དུས། རང་ལ་སྣང་ཆུང་བྱེད་མཁན་མཐའ་འཁོར་གྱི་གསན་པ་པོར་ཤིན་ཏུ་ནས་གཟབ་དགོས་པ་མཚོན།


རྩེད་ཆས་གཉིས་པས། ཁྱེད་རང་གི་མཐའ་འཁོར་གྱི་མི་མང་གིས་ཁྱེད་ལ་བརྩི་འཇོག་གི་རྣམ་འགྱུར་བསྟན་ནས་ཁྱེད་ཀྱི་སྐད་ཆ་ལྷག་ལུས་མེད་པར་གསན་མོད། དེ་ཡང་རྩེད་ཆས་གཉིས་པ་ལྟར་དུ། ཁབ་རྩེ་ནི་རྣ་བ་ནས་མགྲིན་པར་འཇུར་ཡོང་བ་ནང་བཞིན། མི་དེའི་རིགས་ཀྱིས་ཁྱེད་རང་གི་སྐད་ཆ་དང་དོན་དག་བེད་སྤྱད་ནས་མི་གཞན་དང་གཞན་པར་གོ་བསྐོན་བློ་འགུག་གིས་རང་ཉིད་ཀྱི་འདོད་འདུན་འབའ་འགྲུབ་ཐབས་ལ་འབད་པར་མཚོན།


དེ་ག་ནང་བཞིན་རྩེད་ཆས་གསུམ་པས་ནི། ཁབ་སྣེ་བུ་ག་གཅིག་ནས་ཕྱིར་མ་ཐོན་པར་ཁོག་ཏུ་ཟུག་པ་ནང་བཞིན། མི་འདིའི་རིགས་ནི་ད་གཟོད་ཁྱེད་ཀྱིས་བློ་གཏད་བཅོལ་ཆོག་པའི་གྲས་གཅིག་པུ་དེ་ཡིན་པར་མཚོན་ནོ།།


སྡོམ་ཚིག ཡིད་ཆེ་བློ་འགེལ་ཆོག་པའི་མི་ད་གཟོད་གྲོགས་སུ་སྡེབ་ཅིང་། དེ་མིན་དཀའ་སྡུག་ལ་འཕྲད་དུས། ཆུ་སྣ་གར་ཁྲིད་ཀྱི་རིགས་ནི་དུས་ནམ་ཡང་བློ་གཏོད་རེ་བཅོལ་ནི་མི་རུང་བར་གདམས།



འབྲེལ་ཐག་འདི་བརྒྱུད་ནས། ཉི་ཡིག་ནང་ཀློག་ཐུབ། 





No comments:

Post a Comment

Adbox