自伝
Louis MacNeice 作
日本語訳 yuko(གཡུ་སྦྲང་།)
わたしが子供の頃、木々は青々と生い茂り、
どこを見ても幸せな新緑に溢れていた
すぐに帰ってくるのか
それとももう二度と帰ってこないのか
たえず壁に反響する厳格な父の教え
父は後前逆襟の祭服に身を包んでいた
すぐに帰ってくるのか
それとももう二度と帰ってこないのか
母は黄色いドレスを着ていた
それは優しくて、穏やかで、ぬくもりそのもので
すぐに帰ってくるのか
それとももう二度と帰ってこないのか
わたしが5歳の頃、悪夢を見た
それから全てが変わってしまった
すぐに帰ってくるのか
それとももう二度と帰ってこないのか
暗黒が死者に向かって語りかけていた
ベッドの傍にあるランプは燃え尽きてしまった
すぐに帰ってくるのか
それとももう二度と帰ってこないのか
わたしが目覚めても誰も気にもかけなかった
誰も、誰もそこにはいなかった
すぐに帰ってくるのか
それとももう二度と帰ってこないのか
静かな恐怖が泣き叫んだ
誰も、誰も応えはしなかった
すぐに帰ってくるのか
それとももう二度と帰ってこないのか
起き上がり ひとり歩いて去りゆくわたしを
冷ややかな太陽だけが見ていた
すぐに帰ってくるのか
それとももう二度と帰ってこないのか
རང་རྣམ།
[རྩོམ་མཁན་མག་ནེ་སི། སྒྱུར་མཁན་ན་བུན།]
བྱིས་དུས་ཀྱི་ལོ་ཟླ། ལྗང་མདོག་གི་གཡུ་ལོ་དང་འདྲ་བར།
འབེལ་པོར་མཐོང་ཡོང་།
ལ་མོར་ལོག་ཡོང་གི་ཡིན་ནམ། ཡང་ན།
ཨ་ཕའི་འབོད་པ། རྩིག་གྱང་གི་བྲག་ཆར་འཁོར་ཡོང་།
ལྡོག་སྟེ། ཁོས་ཚི་ལེན་དཀར་པོ་གྱོན་འདུག
ལ་མོར་ལོག་ཡོང་གི་ཡིན་ནམ། ཡང་ན།
ཨ་མས་ཤམ་ལྭ་སེར་པོ་གྱོན་འདུག
བྱམས་བརྩེ། ཁྲེལ་བག ཞི་ཞིང་དུལ་ཨང་།
ལ་མོར་ལོག་ཡོང་གི་ཡིན་ནམ། ཡང་ན།
རང་ལོ་ལྔ་ཡི་སྟེང་དུ། རྨི་ལམ་འཁྲུགས་སོང་།
དེའི་རྗེས་ནས། མགོ་རྔ་མེད་པར་འགྱུར་བྱུང་།
ལ་མོར་ལོག་ཡོང་གི་ཡིན་ནམ། ཡང་ན།
མུན་ནག་གིས་གཤིན་པོར་སྐད་ཆ་མོལ།
མལ་ཁྲིའི་རྩིབ་ཀྱི་མར་མེ། མུན་པར་འདྲེས་སོང་།
ལ་མོར་ལོག་ཡོང་གི་ཡིན་ནམ། ཡང་ན།
ང་གཉིད་སད་དུས། ཁོ་ཚོར་དོགས་སྣང་ཅི་ཡང་མ་བྱུང་།
མི་མི་འདུག དེ་གར་མི་གཅིག་ཀྱང་མི་འདུག
ལ་མོར་ལོག་ཡོང་གི་ཡིན་ནམ། ཡང་ན།
སྟོང་ཧང་ངེ་། ང་ཞེད་སྣང་གིས་གཟིར་དུས།
གྲགས་འགུལ་མ་བྱུང་། མི་གཅིག་ཀྱང་གྲགས་འགུལ་མ་བྱུང་།
ལ་མོར་ལོག་ཡོང་གི་ཡིན་ནམ། ཡང་ན།
ང་ཡར་ལ་འགྲེང་དུས། འཁྱག་ཤུར་གྱི་ཉི་འོད།
ཁེར་རྐྱང་དུ་བགྲོད་པ་མཐོང་འདུག
ལ་མོར་ལོག་ཡོང་གི་ཡིན་ནམ། ཡང་ན།
རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།
ལོ་ཡེ་སི་མག་ནེ་སི་(Louis MacNeice 1907—1963)ནི་ནུབ་ཨར་ལན་ཌི་(Northern Ireland)རྒྱལ་ཁབ་ཀྱི་སྙན་ངག་པ་དང་འཁྲབ་གཞུང་རྩོམ་པ་པོ་གྲགས་ཅན་ཞིག་རེད།
ཨ་རེ་ཤཱི་(Irish)མི་རིགས་ཀྱི་ངོས་ནས་ཁོང་ནི་དེང་རབས་སྨྲ་བའི་རྩོམ་རིག་(modernist literature)གསར་རྩོམ་ཀྱི་དབུ་འདྲེན་པར་ངོས་འཛིན། དེར་མ་ཟད། ཁོང་ནི་དུས་རབས་ཉི་ཤུ་བའི་ཡིད་བརྙན་རིང་ལུགས་ཀྱི་རྩོམ་རིག་(Imagist literature)གསར་རྩོམ་ཁྲོད་དུ་ཤུགས་རྐྱེན་ཆེས་ཆེ་བའི་རྩོམ་མཁན་ཡེ་ཚི་(W. B. Yeats - 1865 - 1939)དང་མཚུངས་བསྡུར་གྱིས་གདེང་འཇོག་ཐོབ་མྱོང་།
ཨར་ལན་ཌི་དང་དབྱིན་ཡུལ་དུ་ཁོང་གི་ཟློས་གར་འཁྲབ་གཞུང་དང་སྒྱུ་རྩལ་རྩོམ་རིག་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཁོང་གིས་ཨོ་ཁི་སི་ཧྥོར་ཌི་(Oxford)གཙུག་ལག་སློབ་ཆེན་དུ་སློབ་གཉེར་སྐབས། དུས་སྐབས་དེའི་དབྱིན་ཇི་(British)དང་ཨ་རེ་ཤཱི་(Irish)མི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་མཐུན་ཚོགས་(The Auden Group)ཀྱི་ཚོགས་མར་གྱུར།
བརྩམས་ཆོས་གཙོ་བོར་<<ས་ཆེན་གྱི་བྲན་འཁོལ་>>(The Earth Compels)དང་། <<ལོ་ཡེ་སི་མག་ནེ་སིའི་སྙན་རྩོམ་གཅེས་བཏུས་>>(Selected Poems by Louis MacNeice)སོགས་འདུག
No comments:
Post a Comment