འདས་མཆོད།
རྩོམ་མཁན་ཕ་ཆི་ཁོ། ལོ་ཙཱ་ན་བུན།
ཐ་མར།
གདུག་རྩུབ་ཀྱི་ཟླ་གཅིག་བཞུད་ཅིང་།
ང་ཚོར།
ཕུང་པོ་གྲངས་མེད་བསྐྱུར་སོང་།
ཐ་ན།
རླུང་བུས་འཆི་བ་རྔུབ་ཅིང་།
འཆི་བ་ཆབ་ཀྱིས་བཟི་སོང་།
བདག་གིས།
འཆི་འདས་ཀྱི་རྨ་ཁར་རྒོལ་མི་ཕོད་ཅིང་།
མི་ཡུལ།
དུར་ཁྲོད་ཀྱི་སྣོད་དུ་འགྱུར་མི་ནུས།
གཏོས་ཆེ་བའི་བང་སོ།
དེ་གར།
ང་ཚོའི་རེ་འདུན་ངལ་དུབ་ཀྱིས་གཟིམ་ཡོད།
ང་ཚོས།
མ་འོངས་པ་བསུབས་ཟིན།
No comments:
Post a Comment