ན་བུན།
ཧི་མ་ལ་ཡི་རྡོ་ཁང་།
_གནམ་སྔོན་པོས་ཁྲིད་ནས།
རྒལ་མ་ནུས་པའི་གཙང་བོ།
རྟོལ་མ་ཐུབ་པའི་འཁྱགས་རི།
རི་རབ་ཀྱི་ཕ་རོལ། གཙང་བོ་ཡིན་སྲིད།
དེ་ཡི་ཕ་རོལ་ན། རི་གྲོང་ཞིག་ཡོད་ངེས།
ཧི་མ་ལ་ཡི་རྡོ་ཁང་། ཏུན་ཧོང་བྲག་ཕུག་ཡིན་ནམ།
སྤྲེའུ་རྒོད་ཀྱི་འདུན་མ་འཚུབ། ཡུལ་གྱུར་གྱི་མིག་འོད་འཁྱུག
གངས་ཞོགས་ཏེ། སུ་ཡི་འཆར་ཡན་ནུབ་སྲིད།
(གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།)
ཕྱི་རོལ་གྱི་ཉི་འོད་ལྷག་ལྷག་འཚེར།
ཉེ་རིང་གདགས་སྲིབ་མེད་པར། ཕྱོགས་བཞིའི་ས་ཚིགས་མེད་པར།
༢༠༢༡
No comments:
Post a Comment