ན་བུན།
ལས་ཀྱི་རླུང་།
མཐོང་ཀའི་ནམ་མཁར། གློག་ཞགས་ཤིག་འཚུབ་རྗེས།
ཞེ་ལ་ཚེས་པའི་ཉི་ཟེར། སྤྲིན་གྱིས་གཡོགས་སོང་།
ལས་ཀྱི་རླུང་བུས།
སེམས་ཀྱི་སྙི་སར། ཆར་ནག་ཁོ་ན་སྙིལ།
(༢༠༡༩)
ཡུལ་ཡར་ལུང་ཁོག་གི་ཤིང་གྲུ།
ཁྱོད་སོང་ཤུལ་གྱི།
མུན་པ། མྱ་ངན།
རླུང་གི་ཉི་མ་འཚེར། ཡང་ན་ཉི་ཟེར་རླུང་གིས་སྒུལ།
ཉིན་མོ་མཚན་མོ། ཁ་གཏད་ཀྱི་རྩིག་གྱང་རེ་རེར་གྲུབ།
ཁྱོད་སོང་རྗེས་ཀྱི། ཨར་འདམ། རྣོ་ལྕགས།
མུན་པ། མྱ་ངན།
རླུང་གི་ཉི་མ་འཚེར། ཡང་ན་ཉི་ཟེར་རླུང་གིས་སྒུལ།
ཉིན་མོ་མཚན་མོ། ཁ་གཏད་ཀྱི་རྩིག་གྱང་རེ་རེར་གྲུབ།
ཁྱོད་སོང་རྗེས་ཀྱི། ཨར་འདམ། རྣོ་ལྕགས།
བར་ཐག་འདི། སྲ་ཞིང་མཁྲེགས།
ཞེ་འདང་འདི། སྟོང་ཞིང་འཁྱག
(༢༠༡༩)
No comments:
Post a Comment