ཨ་མཆོད་འདི་ཚོར་འགྲན་ཟླ་སུ་ཞིག་ཡོད། I འོས་སྦྱོར།

མེ་ལྕེ།


ཨ་མཆོད་ཅེས་པའི་འགྲེལ་བཤད་ལ་ཚིག་མཛོད་དག་ན། ཨ་མཆོད་ནི་གྲོང་ཁྱིམ་ནས་རིམ་གྲོ་འདོན་མཁན་ཞེས་དང་། ཨ་མཆོད་ནི་གྲོང་པའི་རིམ་གྲོ་བྱེད་མཁན་གྲྭ་བཙུན་དཀྱུས་མའི་མིང་ཞེས་དང་། ཡང་ན་ཨ་མཆོད་ནི་ཤི་བོའི་ཉ་འདོན་གྱི་ཨ་ཁུ་ལ་གོ་ཞེས་པ་སོགས་འབྱུང་།

རང་རེའི་སྤྱི་ཚོགས་སུ་ཨ་མཆོད་ནི་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། ཧ་ལམ་ཁྱིམ་ཚང་རེ་ལ་ཨ་མཆོད་ཅིག་མེད་པ་མི་སྲིད། ཨ་མཆོད་དག་གིས་གྲོང་པའི་ཁྱིམ་ནས་ཆོས་འདོན་པ་དང་སྐུ་རིམ་སྒྲུབ་པ་ཡིན་ན། ཡོན་བདག་གིས་ཨ་མཆོད་ལ་ཤ་མར་ཐུད་གསུམ་སོགས་ཀྱི་འབུལ་བ་ཕུལ་དགོས་པ་དང་། ཨ་མཆོད་རྣམས་ལ་མཚོན་ནའངཤ་མར་ཐུད་གསུམདངརྟ་ནོར་ལུག་གསུམསོགས་ཀྱི་འབུལ་བ་ལ་དམིགས་ཏེ་རྒྱུན་པར་གྲོང་ཆོག་ལ་ཕེབས་ཀྱི་ཡོད།

ན་ནིང་དོ་ཚིགས། ང་རང་ཚོའི་ཡོན་ཏན་པའི་སྡེ་རུའངགྲོང་ཆོགལ་འགྲོ་བའི་ཨ་མཆོད་མང་ནས་མང་དུ་འཕེལ་བ་དང་། ཨ་མཆོད་སྐོར་ཞིག་དབྱར་དགུན་སྟོན་དཔྱིད་མེད་པརགྲོང་ཆོགལ་ཕེབས་ཏེ།ཆོས་དང་ཁ་ཏོནསྣ་ཚོགས་བཏོན་དང་འདོན་གྱིན་ཡོད་ལ།བཅའ་བ་རིམ་གྲོཡང་མང་པོ་བསྒྲུབས་དང་སྒྲུབ་མུས་སུ་མཆིས།

ཨ་མཆོད་འདི་ཚོ་རང་རེའི་སྐྱ་སེར་གཉིས་ཀྱི་སྡེ་ན་ཡོད་པར་མ་ཟད། རྒན་དར་གཞོན་གསུམ་གྱི་ཁྲོད་ན་གནས་པ་ཞིག་སྟེ། དེ་ཡང་ཆེད་ལས་ཀྱི་ཆ་ནས་དབྱེ་ན་ཆབ་སྲིད་ཀྱི་ཨ་མཆོད་དང་། ཆོས་ལུགས་ཀྱི་ཨ་མཆོད་དང་། སྐད་ཡིག་གི་ཨ་མཆོད་དང་། རྩོམ་རིག་གི་ཨ་མཆོད་དང་། ལོ་རྒྱུས་ཀྱི་ཨ་མཆོད་དང་། སློབ་གསོའི་ཨ་མཆོད་དང་། ཡིག་རྙིང་གི་ཨ་མཆོད་དང་། གསོ་རིག་གི་ཨ་མཆོད་སོགས་མཆིས་ཤིང་། ལས་ཁུངས་སམ་ཤོག་སྡེའི་ཆ་ནས་དབྱེ་ན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཨ་མཆོད་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཨ་མཆོད་དང་། ཨ་མདོ་བརྙན་འཕྲིན་གྱི་ཨ་མཆོད་དང་། ཁམས་པའི་བརྙན་འཕྲིན་གྱི་ཨ་མཆོད་དང་། མཚོ་སྔོན་བོད་ཡིག་གསར་འགྱུར་ཚང་གི་ཨ་མཆོད་དང་། སྦྲང་ཆར་ཚང་གི་ཨ་མཆོད་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཚང་གི་ཨ་མཆོད་དང་། གངས་རྒྱན་མེ་ཏོག་ཚང་གི་ཨ་མཆོད་དང་། ཟླ་ཟེར་ཚང་གི་ཨ་མཆོད་སོགས་མང་པོ་ཡོད་དོ།

ཡོན་ཏན་པའི་སྡེ་ཡི་ཨ་མཆོད་འདི་ཚོ་མི་ཐོན་ས་དང་མི་འགྲོ་ས་གཅིག་ཀྱང་མེད་དེ། ཡོན་བདག་སུ་ཞིག་གིས་ལག་གཡུག་བྱས་པ་ཡིན་ན་དེ་གར་འདུར་རེ་འདུར་རེ་རྒྱུགས་འགྲོ་ལ། ཤོག་སྡེ་གང་ཞིག་གིས་ཕེབས་ཤོག་ཟེར་བ་ཡིན་ན་དེ་གར་ལྷབས་སེ་ལྷབས་སེ་ཡར་འགྲོ། ཡར་ཚོགས་ཐོག་ལ་བོས་ན་ཚོགས་འདུར་ཞུགས་འགྲོ་ལ། མར་སྟོན་ཐོག་ལ་བོས་ན་སྟོན་མོར་བུད་འགྲོ། ད་དུང་ཨ་མཆོད་འདི་ཚོསརྐང་མགྱོགསཀྱང་བསྒྲུབས་འདུག་སྟེ། ཁ་སང་ཟི་ལིང་དུ་ཡོད་ན་དེ་རིང་ཁྲིན་ཏུའུ་ལ་ཐོན་འདུག་པ་དང་། དེ་རིང་ཁྲིན་ཏུའུ་རུ་ཡོད་ན་སང་ཉིན་ལྷ་སར་སླེབས་འགྲོ།

ཡོན་བདག་རྣམས་ཀྱིསརྟ་ནོར་ལུག་གསུམགྱི་འབུལ་བ་གྱ་ནོམ་པ་བཀྱགས་ཚེ། རང་རེའི་ཨ་མཆོད་ཚོས་ཀྲུང་ཧྭ་མི་རིགས་ཀྱིསྐྱབས་འགྲོའདོན་དགོས་ཤིང་། ནང་བསྟན་ཀྲུང་གོ་ཅན་གྱིཞབས་བརྟནསྒྲུབ་དགོས། ཡོན་བདག་རྣམས་ཀྱིསཇ་མར་པད་ཤགགི་འབུལ་བ་སྤམ་ཆེ་བ་ཕུལ་ཚེ། རང་རེའི་ཨ་མཆོད་ཚོས་ངག་ནས་ཅི་བཤད་འདི་བཤད་མེད་དེ་མགྲིན་པའི་རྩ་མདུད་གྲོལ་ཡོད་འདྲ་འདྲ་ཡིན་ཞིང་། ལག་ནས་ཅི་ལས་འདི་ལས་མེད་དེ་ཕྱག་རྒྱའི་འཁོར་ལོ་རང་འཁོར་འདྲ་འདྲ་ཡིན་ནོ།

ཨ་མཆོད་ཚོས་ཡོན་བདག་རྣམས་ཡིད་སྤྲོ་བའི་ཆེད་ནམ་ཡངཐར་མདོཤུགས་དྲག་ཏུ་འདོན་པར་བྱེད་ལ། ཨ་མཆོད་ཚོས་ཡོན་བདག་རྣམས་ཐུགས་དགྱེས་པའི་ཕྱིར་ནམ་ཡངརྔ་སྦུགཤུགས་དྲག་གིས་རྡུང་བར་བྱེད།ཐར་མདོཤུགས་དྲག་ཏུ་འདོན་པ་དང་།རྔ་སྦུགཤུགས་དྲག་གིས་རྡུང་བའི་མཐར་ཐུག་གི་དམིགས་ཡུལ་ནི།ལ་ལུང་ལྷ་འདྲེ་མང་པོས་སེམས་ཅན་ལ་གནོདདོགས་ཀྱིས་ནི་མ་ཡིན་པར། ཨ་མཆོད་ཚོཤ་ཁྲག་དཀོར་ལ་ཞེན་ཆགས་ཆེདྲགས་པས་ཡིན་པའོ།

གཞན་ཡང་།ཞྭ་མོ་རྩེ་རྣོམནབས་པའི་ཨ་མཆོད་ཚོའི་ནང་ན་ཁ་དཔེར་ཨ་མཆོད་ཡོན་ཏན་ཕད་གོག་གང་། ཕད་གོག་ལུས་ན་ཡོན་ཏན་ལུས་ཞེས་པའི་དཔེ་ཇི་བཞིན་གྱི་ཨ་མཆོད་མང་པོ་ཡོད་ལ། དེར་མ་ཟདཅུར་སེ་བུད་དོ། །ཙོག་སེ་བསྡད་དོ། །ཁ་མུར་མུར་བྱེད་དོ། །ཕྱིར་ལྡོག་སོང་ངོ་། ”(<<ཇག་པ་དང་ཨ་མཆོད>>ཅེས་པའི་དམངས་ཁྲོད་གཏམ་རྒྱུད་ལས་དྲངས)ཞེས་པའི་ཚིག་ཟློ་མཁན་གྱི་ཨ་མཆོད་ཡང་མང་པོ་ཡོད་པ་རེད། ཁོང་ཚོསཐར་མདོཤུགས་དྲག་ཏུ་བཏོན་ནའང་འདྲ།རྔ་སྦུགཤུགས་དྲག་གིས་བརྡུངས་ནའང་ཆོག ཁོང་ཚོསཅུར་སེ་བུད་དོ། །ཙོག་སེ་བསྡད་དོ། ཞེས་གྱེར་ནའང་འདྲ།ཁ་མུར་མུར་བྱེད་དོ། །ཕྱིར་ལྡོག་སོང་ངོ་། ཞེས་བསྐྱར་ནའང་ཆོག བསམས་ཤིང་བསམ་ན། གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། རྙོག་མ་ཅན་གྱི་ཆུ་བོ་ལ། །སྦལ་ལྕོང་འབུ་སྲིན་ལྷག་ཏུ་མང་། །ཞེས་གསུངས་པའང་རང་རེའི་ཨ་མཆོད་འདི་ཚོ་ལྟ་བུར་བཤད་པ་མིན་ན་གང་ཡིན།

ཕྱི་ལོ2024ལོའི་ཟླ9པའི་ཚེས10ལ།


No comments:

Post a Comment

Adbox