སྙན་ངག་གཅིག I གསར་རྙིང་།

རབ་རིབ་ཀྱི་ཀློང་ནས་མཐོང་བའི་འཚོ་བ།

མར་ཁུ་རྒྱལ་མཚན་གྱིས་བསྒྱུར།


རྒྱ་མཚོ་ཆེན་པོ་ཡི་མུན་པའི་ཀློང་ནས།

འཁྱུག་རྩལ་ངོམ་བཞིན་པའི་ཉ་མོ་དེ་ནི་ད་གཟོད་གློག་དམར་ཡིན།

ནགས་ཚལ་གྱི་མུན་པའི་ཀློང་ནས།

འཕུར་སྐྱོད་ལ་བྲེལ་བཞིན་པའི་བྱེའུ་ཆུང་ནི་དེ་ནི་ད་གཟོད་གློག་དམར་ཡིན།

 

མི་ལུས་ཀྱི་མུན་པའི་ཀློང་ནས།

འོད་དཀར་འཕྲོ་བཞིན་པའི་རུས་པ་དེ་ནི་ད་གཟོད་གློག་དམར་ཡིན།

འཇིག་རྟེན་ཨང་།   ཁྱོད་མུན་པས་གཡོགས་ཤིང་ཁེབས་ཡོད་ནའང་།

འཚོ་བ་ནི་མ་གཞི་ནས་གློག་དམར་རོ།། 


བར་གསེང་གི་འཚོ་བ།

ན་བུན་གྱིས་བསྒྱུར། 

མཚོ་ངོགས་ཀྱི་མཚན་སྨག་ཀློང་གི། 

ཉ་མོའམ། གློག་ཞགས།

ནགས་ཀློང་གི་མཚན་སྨག་ཁྲོད་ཀྱི།

བྱ་ཚོགས་དང་། གློག་ཞགས།


ཕུང་བོའི་མཚན་སྨག་ཀློང་དུ།

ང་ཚོའི་ཀེང་རུས་ནི་གློག་ཞགས་རེད།


ཀྱེ་ཀྱེ་འཇིག་རྟེན། མཚན་མོ་རྐྱང་རྐྱང་རེད་ཨང་།

འཚོ་བ་ནི་མ་གཞི་གློག་ཞགས་ཤིག་གོ


Live Interval by Paz


Lightning or fishes

in the night of the sea

and birds, lightning

in the forest night.


Our bones are lightning

in the night of the flesh.


O world, all is night,

life is the lightning.



No comments:

Post a Comment

Adbox