སྒོ་ཤེས་རབ་རྒྱ་མཚོས་བསྒྱུར།
སོ་ཁི་ར་ཐེ་ལ་སློབ་བུ་དག་གིས། “མི་ཚེ་ཟེར་བ་ཅི་ཞིག་ཡིན་ནམ།” ཞེས་དྲིས་པའི་ཚེ་ན།
ཁོང་གིས་སློབ་བུ་དེ་དག་ཤིང་འབྲས་ཀྱི་སྐྱེད་ཚལ་ཞིག་ཏུ་བཏང་ནས། “འདི་ནས་ཁྱེད་ཅག་གིས་ཤིང་འབྲས་ཆེས་ཡག་ཤོས་རེ་རེ་བདམས་ནས་ཤོག་ཅིག འདམ་པའི་དུས་སུ་སྔར་སོང་ཤུལ་གྱི་ལམ་དུ་ཕྱིར་ལྡོག་མི་རུང་།” ཞེས་གདམས།
སློབ་བུ་དག་གིས་ཀྱང་དེ་དེ་བཞིན་དུ་བགྱིས་ཏེ། ཤིང་འབྲས་ཆེས་ཡག་ཤོས་རེ་རེ་བདམས་ནས་ཕྱིར་ལོག་པ་ན། སོ་ཁི་ར་ཐེས་འདི་སྐད་དུ། “ཀྱེ་སློབ་བུ་དག རང་རང་གིས་བདམས་པའི་ཤིང་འབྲས་ཀྱིས་ཡིད་ཚིམ་མམ།” ཞེས་དྲིས།
“ངེད་ཅག་ཡང་བསྐྱར་འདམ་ག་བྱེད་དུ་གཏོང་རོགས། ང་ཚོས་བདམས་པ་དྲགས་པས། ཡག་ཤོས་ད་རུང་ཤུལ་དུ་ལུས་ཡོད་སྲིད་ལ། གཅིག་བྱས་ན་གདམ་རྒྱུ་འཕྱི་དྲགས་པས། ཡག་ཤོས་དེ་སྔར་ནས་ཤོར་ཟིན་པར་སྙམ།” ཞེས་སྨྲས།
དེ་ལ་སོ་ཁི་ར་ཐེ་བཞད་མོ་བཞད་ཀྱིན། “འདི་ནི་མི་ཚེ་ཉིད་དེ། མི་ཚེ་ཞེས་པ་ནི་ཐེངས་རེ་རེ་ལས་མེད་པའི་འདམ་གས་གང་ཡོད་དོ།” ཞེས་གསུངས་སོ།
༢༠༡༣. ༡༠. ༡༨ དར་རྒྱས་དགོན་དུ་བསྒྱུར།
ཟིན་ཕབ་པ། གསོན་སྨྱུག
No comments:
Post a Comment