『རྩོམ་མཁན་ཌེ་ཁེན་སོན། སྒྱུར་མཁན་ན་བུན།』
རེ་འདུན་ནི་གཤོག་ཐོགས་རིགས་ཤིག་ཏེ།
བླ་དང་སྲོག་ཏུ་འཚོ་ཞིང་།
ཚིག་འབྲུ་མེད་པར། གླུ་སྒྲ་གྱེར་ནས།
གཞར་ཡང་འཇགས་མེད་པར།
དྲག་རླུང་ཁྲོད་དུ་སྙན་འཇེབས་ཐོས་ཡོང་།
ན་ཟུག་ཉིད་དྲག་ཆར་ཡིན་ངེས་ཏེ།
དྲོད་ཁོལ་རུམ་པའི།
བྱེའུ་ཆུང་གི་གཤོག་རྩལ་གཏོར་བ།
བདག་གིས་གྲང་ངར་གྱི་གནས་མལ་དུ་ཐོས་ཤིང་།
ལྐོག་གྱུར་གྱི་མཚོ་སྟེང་དུ།
གདོད་ནས་རེ་སྙེག་གི་གྲུ་ཁ་མ་སྣང་ཞིང་།
བདག་གི་ཆག་གྲུམ་གཅིག་པུ་གླེང་ཡོང་།
No comments:
Post a Comment