རླུང་ན་འཕྱོ།




རྩོམ་མཁན་བྷོ་བྷི་ཌེ་ལན། ལོཙཱ་ན་བུན།


མི་ལ་འབོད་པར།

ཤུལ་ལམ་ག་ཚོད་བགྲོད་དགོས་སམ།

ཐི་བ་བྱེ་ཐང་དུ་གཟིམ་པར།

མཚོ་ཀླུང་ཅི་ཙམ་བརྒལ་དགོས་སམ།

རེད་དེ། མེ་སྒྱོག་མ་ཁོག་སྔོན་ལ།

སྒྱོག་མདེལ་ཅི་ཙམ་འཕུར་དགོས་སམ།



 གྲོགས་པོ་ལགས། དྲིས་ལན་རླུང་ན་འཕྱོ།

དྲིས་ལན་རླུང་ན་ལྡང་།


རེད་དེ། རྒྱ་མཚོར་མ་ནུབ་སྔོན་ལ།

རི་རབས་ནི་ལོ་ཟླ་ཅི་ཙམ་དུ་གནས་ཐུབ་བམ།

རང་དབང་མ་ཐོབ་སྔོན་ལ།

མི་ནི་ལོ་ངོ་ག་ཚོད་དུ་གསོན་ཐུབ་བམ།

རེད་དེ། ཐེངས་ཅི་ཙམ་མགོ་བོ་སྨད་ནས།

ཅི་ཡང་མ་མཐོང་ཁུལ་བྱེད་དགོས་སམ།


གྲོགས་པོ་ལགས། དྲིས་ལན་རླུང་ན་འཕྱོ།

དྲིས་ལན་རླུང་ན་ལྡང་།


རེད་དེ། མགོ་ཐོག་གི་ནམ་མཁའ་མཐོང་བར།

ཐེངས་ག་ཚོད་ལ་མགོ་བོ་ཁྱོག་དགོས་སམ།

མི་མང་གི་ངུ་ངག་ཐོས་པར།

མི་ལ་ཐོས་འཛིན་གྱི་བུ་ག་ཅི་ཙམ་བདོག་དགོས་སམ།

རེད་དེ། མི་མང་གྲངས་མེད་བཞུད་ཅིང་།

ཁོ་བོས་རྟོགས་པར། ད་དུང་མི་ག་ཚོད་འཆི་སྲིད་དམ།


གྲོགས་པོ་ལགས། དྲིས་ལན་རླུང་ན་འཕྱོ།

དྲིས་ལན་རླུང་ན་ལྡང་།


མ་ཡིག


Blowin' In The Wind

Song by Bob Dylan


How many roads must a man walk down

Before you call him a man?

How many seas must a white dove sail

Before she sleeps in the sand?

Yes, and how many times must the cannonballs fly

Before they're forever banned?


The answer, my friend, is blowin' in the wind

The answer is blowin' in the wind


Yes, and how many years must a mountain exist

Before it is washed to the sea?

And how many years can some people exist

Before they're allowed to be free?

Yes, and how many times can a man turn his head

And pretend that he just doesn't see?


The answer, my friend, is blowin' in the wind

The answer is blowin' in the wind


Yes, and how many times must a man look up

Before he can see the sky?

And how many ears must one man have

Before he can hear people cry?

Yes, and how many deaths will it take 'til he knows

That too many people have died?


The answer, my friend, is blowin' in the wind

The answer is blowin' in the wind


རྒྱབ་ལྗོངས་སྙིང་བསྡུས

རླུང་ན་འཕྱོ་ཞེས་པའི་གཞས་ཚིག་འདི་བྷོ་ཕི་ཌེ་ལན་གྱིས་ཕྱི་ལོ་༡༩༦༢ ལོར་གསར་རྩོམ་གནང་བ་དང་། གཞས་ཚིག་གི་ནང་དོན་གཙོ་བོ་དུས་སྐབས་དེའི་<དུས་རབས་ཉི་ཤུ་བ།>གཡུལ་སྦྱོར་དམར་གསོད་ལ་རྒོལ་ཞིང་། རང་དབང་ཞི་བདེ་ལ་འཁྲེང་བའི་གསར་རྩོམ་གླུ་གཞས་ཤིག་ཏུ་སྨྲའོ།

 

No comments:

Post a Comment

Adbox